logo

ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་རྡལ་གྱི་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་གླིང་།

རྩོམ་པ་པོ།:སྦྲ་དུངས་སེམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-13 ཀློག་གྲངས།:

མཆུ་རྫོང་སྦྲ་ཆེན་གྲོང་རྡལ་གྱི་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་གླིང་།
ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་རྡལ་གྱི་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་གླིང་།

      པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་གླིང་ནི་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྤྱི་ལོ2012ལོའི་དབྱར་ཟླ6པའི་ནང་ཟི་ཁྲོན་ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་རྡལ་ནས་གསར་དུ་བཙུགས་པ་ཡིན།


སློབ་མ་རྣམས་ཀྱིས་རང་སྦྱོང་བྱེད་བཞིན་པ།

      སློབ་སྒྲུབ་ཀྱི་དམིགས་ཡུལ་ནི་གནའ་དེང་གི་བཟོ་རྩལ་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་རིག་པའི་ཉིང་བཅུད་ཐང་གའི་སྒྱུ་རྩལ་སྣ་ཚོགས་དང་བོད་སྤོས་སྡེབ་སྦྱོར། འཇིམ་བཟོ། རྡོ་བརྐོས། འཚེམ་བཟོ་སོགས་སྣ་མང་རིགས་གནས་ཀྱི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་བརྒྱུད་སྤེལ་བྱེད་ཆེད་དང་གཞན་དུ་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་མི་རིགས་ལག་རྩལ་དར་སྤེལ། གཞན་ཡང་སློབ་སྦྱོང་བྱེད་པའི་འདུན་པ་ཆེ་ཡང་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་མཐོ་རིམ་སློབ་གྲྭར་འགྲིམ་མ་ཐུབ་པར་ལུས་པ་དག་ལ་དམིགས་ནས་སྒྲུབ་པ་ཡིན།


སློབ་གྲྭའི་བརྩམས་ཆོས་ཐང་ག

      སློབ་གྲྭ་འདིར་ཕྱི་ནང་རིག་གཞུང་དུ་མར་མཁྱེན་རྒྱ་ཡངས་ཤིང་ལྷག་བསམ་དཀར་བའི་ན་གཞོན་སྐོར་གདན་དྲངས་ཏེ།  རྒྱ་བོད་དབྱིན་གསུམ་གྱི་སློབ་ཁྲིད་གཙོས་དམངས་སྲོལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་ཡོད་ལ།  ད་ལྟ་སློབ་མ40དང་དགེ་རྒན5ཡོད་ལ། ཕ་མ་མེད་པའི་དྭ་ཕྲུག་དང་ཁྱིམ་ཚང་དཀའ་ངལ་ཅན་གྱི་སློབ་བུ་སོགས་གཙོ་བྱས་ནས་བསྡུ་ལེན་བྱེད་བཞིན་ཡོད་ལ། གཞན་དུ་སློབ་ཡོན་དང་དཔེ་རིན་སོགས་ཀྱང་མི་དགོས་པས་དུས་ལྟར་འབྲེལ་གཏུགས་བྱེད་པར་དགའ་བསུ་ཞུ།
འབྲེལ་གཏུགས་བྱེད་ས། པདྨ་ཚུལ་ཁྲིམས།འཇམ་དབྱངས། ཕུན་ཚོགས་རབ་རྒྱས།
ཁ་པར། 13778477122དང་།  18728237412། ཡང་ན། 18784358501
ས་གནས། སི་ཁྲོན་ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་རྡལ།
སྦྲགས་ཨང་། 624400


སློབ་མའི་བརྩམས་ཆོས་རི་མོ


འབྲེལ་ཡོད་འོས་སྦྱོར།