ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་གི་སྐད་གཉིས་སློབ་ཁྲིད་ལ་དགའ་བསུ་ཐོབ་པ།
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་།
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་དུ་བོད་རྒྱ་སྐད་གཉིས་སློབ་ཁྲིད་བྱེད་ཀྱིན་པའི་སློབ་འབྲིང་ཁོ་ན་ཡིན་ཞིང་། སློབ་གྲྭ་བཙུགས་པའི་ལོ་ངོ18ཀྱི་རིང་ལ་སྐད་གཉིས་སློབ་སྒྲུབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསྡུས་པ་དང་། སྐད་གཉིས་ཤེས་པའི་སློབ་མ1962སྐྱེད་སྲིང་བྱས། 2012ལོའི་མཐོ་རྒྱུགས་ཀྱི་སྐབས་སུ་སློབ་རིམ་འཕར་ཚད98%ལ་སོན་པ་རེད།
སློབ་གྲྭ་དེ་གའི་བོད་ཡིག་དགེ་རྒན་སྒྲོལ་མ་ལགས་ཀྱིས་བཤད་པ་ལྟར་ན། ཁོང་ཚོའི་འཛིན་གྲྭའི་ནང་བོད་རིགས་སློབ་མ་ལས་གཞན་རྒྱ་རིགས་དང་ལི་སུའུ་རིགས། འཇང་རིགས་སོགས་ཀྱི་སློབ་མ་ཡོད་པས། དེ་དག་གིས་བོད་ཡིག་ལེགས་པོར་སྦྱོང་བ་དང་གོ་བདེ་བའི་ཆེད་དུ་ནམ་རྒྱུན་གྱི་སློབ་ཐུན་གྱི་སྟེང་ཐོག་མར་བོད་སྐད་ཐེངས་གཅིག་ལ་བཤད་པ་དང་། དེའི་རྗེས་རྒྱ་སྐད་ཀྱི་ལམ་ནས་བཤད་པ་སྟེ་བོད་རྒྱ་སྐད་གཉིས་ཀྱིས་ལམ་ནས་སློབ་ཁྲིད་བྱེད་བཞིན་ཡོད། དེར་མ་ཟད་སློབ་མ་རྣམས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐད་ཀྱི་ཤེས་བྱའང་སློབ་ཁྲིད་བཤད་བཞིན་ཡོད་ཅིང་། སློབ་ཁྲིད་བྱེད་ཐབས་དེ་སློབ་མ་རྣམས་ཀྱིས་དང་ལེན་བྱེད་སླ་ལ། སློབ་སྦྱོང་གི་ཕན་འབྲས་ཀྱང་མངོན་གསལ་ཡིན་པ་རེད།