logo

ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གིས་མཚོ་ལྷོ་རུ་དངོས་སྦྱོང་གནས་གཞི་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-05 ཀློག་གྲངས།:

ནུབ་བྱང་མིོ་རིགས་སློབ་ཆེན་བོད་རིག་པའི་གླིང་གིས་མཚོ་ལྷོ་རུ་དངོས་སྦྱོང་གནས་གཞི་བཙུགས་པ།
ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་དངོས་སྦྱོང་
གནས་གཞི་འཛུགས་པའི་གྲོས་ཡིག་འགོད་པ།

         ཉེ་བའི་ལོ་འགའི་ནང་། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གིས་ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དང་། མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་སུ་དངོས་གཞི་སློབ་མའི་དངོས་སྦྱོང་གནས་གཞི་བཙུགས་ཏེ་བོད་རིག་པའི་གླིང་གི་དངོས་གཞི་མཐར་ཕྱིན་སློབ་མ་རྣམས་དངོས་སྦྱོང་བྱེད་པར་ཕན་ལྡན་གྱི་ཆ་རྐྱེན་ལེགས་པོ་བསྐྲུན། 2012ལོའི་ཟླ8པར་བོད་རིག་པའི་གླིང་གིས་དངོས་གཞིའི་སློབ་གསོ་བྱ་བའི་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་དགོངས་ཚུལ་ལྟར། སློབ་གླིང་འདིས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་དང་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གཉིས་ལ་གྲོས་མཐུན་བཞག་སྟེ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་དངོས་སྦྱོང་གནས་གཞི་འཛུགས་པར་མོས་མཐུན་བྱུང་།

ནུབ་བྱང་མིོ་རིགས་སློབ་ཆེན་བོད་རིག་པའི་གླིང་གིས་མཚོ་ལྷོ་རུ་དངོས་སྦྱོང་གནས་གཞི་བཙུགས་པ།
གུང་ཧོ་རྫོང་མི་རིགས་སློབ་འབྲིང་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་
གླིང་གི་དངོས་སྦྱོང་གནས་གཞིའི་སྒོ་བྱང་བཀལ་བ།

         དེར་བརྟེན། ཉེ་ལམ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་གླིང་གཙོ་གཞོན་པ་པདྨ་དབང་ཆེན་དང་རྨང་གཞི་སློབ་ཞིབ་ཁང་གི་འགོ་གཙོའམ་དགེ་རྒན་ཆེན་མོ་མགོན་པོ་སྐྱབས་སོགས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་འབྲིང་དང་པོ་དང་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དུ་བསྐྱོད་དེ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་དངོས་སྦྱོང་གནས་གཞི་འཛུགས་པའི་གྲོས་མཐུན་ཡི་གེ་འགོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།
         དངོས་སྦྱོང་གནས་གཞི་བཙུགས་པ་འདིས་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་དངོས་གཞི་སློབ་མའི་དངོས་སྦྱོང་ལག་ལེན་དང་ཉམས་མྱོང་ཐད་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན་ངེས་སོ།།


འབྲེལ་ཡོད་འོས་སྦྱོར།