logo

སི་ཁྲོན་རྫོང་འགག་སློབ་ཆུང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-15 ཀློག་གྲངས།:


སློབ་མ་རྣམས་ཀྱིས་ལུས་རྩལ་སྦྱོང་བཞིན་པ།

དགེ་རྒན་དང་སློབ་མ་རྣམས་ཕན་ཚུན་འབྲེལ་འདྲིས་བྱེད་བཞིན་པ།

  རྫོང་འགག་དཀྱིལ་སྙིང་སློབ་ཆུང་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་དང་ཆཱང་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་རྫོང་འགག་གྲོང་རྡལ་དུ་ཡོད་པའི་བཅའ་སྡོད་སློབ་ཆུང་ཞིག་ཡིན་ཞིང་། མིག་སྔར་སློབ་གྲྭ་དེ་རུ་སློབ་མ149ཡོད་པ་དང་། ཁོང་ཚོ་ནི་རྫོང་འགག་གྲོང་རྡལ་ཁོངས་གཏོགས་ཀྱི་སྡེ་བ8ནས་ཡོང་བའི་སློབ་མ་ཡིན། 2009ལོར་སློབ་གྲྭ་དེ་གས་རེ་སྨོན་སློབ་ཐུན་གྱི་སློབ་གསོའི་འཆར་གཞི་ལག་བསྟར་བྱས་ནས“སྤྱོད་ཡོན་ལུས”གསུམ་གྱི་སློབ་གསོ་ཤུགས་ཆེར་སྤེལ་བར་མ་ཟད། “ནུས་རྩལ་དང་། ཚན་རིག་ཁྱབ་བརྡལ། འཚོལ་ཞིབ”སོགས་ཕན་ཚུན་འབྲེལ་འདྲིས་ཀྱི་བསླབ་བྱ་མང་དུ་སྤེལ་བར་བརྒྱུད་སློབ་མ་རྣམས་ཀྱིས་སློབ་གྲྭའི་ནང་དུ་ཤེས་ཡོན་སྦྱངས་ཐུབ་པ་དང་མཉམ་དུ། འཚོ་བ་དང་མཛེས་དཔྱོད་སོགས་ཀྱི་ནུས་པ་སྐྱེད་སྲིང་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།