སྨད་མ་བཅའ་སྡོད་སློབ་གྲྭ་ངོ་སྤྲོད་མདོར་བསྡུས།
སྨད་མ་བཅའ་སྡོད་སློབ་གྲྭ།
སྨད་མ་བཅའ་སྡོད་སློབ་གྲྭ་ནི1958ལོར་བཙུགས་ཤིང་། སྔར་མིང་ལ་ཆོད་ཁི་སློབ་ཆུང་ཟེར། 1979ལོར་སྨན་རི་མ་བཅའ་སྡོད་སློབ་གྲྭ་ཞེས་མིང་བསྒྱུར་བ་དང་། བླ་མ་སྐལ་བཟང་འཕྲིན་ལས་ལགས་སློབ་གྲྭ་འདིའི་སློབ་གཙོའི་འགན་བཞེས་ཤིང་། མཛད་རྗེས་མི་དམན་པ་བཞག་ཡོད་པ་རེད།
སློབ་གྲྭ་འདི་ནི་སྐད་གཉིས་བཅའ་སྡོད་སློབ་ཆུང་ཞིག་ཡིན་ཞིང་རྨ་ཆུ་རྫོང་གི་ལྷོ་འདབས་སུ་ཆགས་ཡོད་དེ་ཀན་སུའུ་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་སྦྲེལ་མཚམས་སུ་གནས་ལ། རྨ་ཆུ་རྫོང་དང་བར་ཐག་སྤྱི་ལེ62ཡོད་པ་རེད། ཡུལ་ཚོ་ཡོངས་སུ་བྱིས་པ700ལྷག་ཡོད་ཅིང་རྫོང་ཐོག་ཏུ་སློབ་གྲྭར་ཞུགས་པའི་བྱིས་པ200ལྷག་དང་། ཡུལ་ཚོ་ལྟེ་གནས་ཀྱི་སློབ་གྲྭར་ཞུགས་པའི་བྱིས་པ500ལྷག་ཡོད་པ་མ་ཟད། སློབ་མ100ལྷག་ནང་ལོག་གི་སློབ་གྲྭར་སྐྱེལ་བ་རེད།
སློབ་གྲྭའི་གཞི་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཉིས་ལྷག་དང་། འཛུགས་སྐྲུན་གཞི་ཁྱོན་སྨི་གྲུ་བཞི་མ་སྟོང་དྲུག་ལྷག་ཡིན་ཞིང་། ད་ཡོད་འཛིན་གྲྭ12དང་། དགེ་རྒན60ཡོད་ཅིང་སློབ་རིམ་ཚད་ལྡན་དགེ་རྒན་ཟིན་ཚད96%དང་། དགེ་སློབ་བསྡུར་ཚད1:20ཡིན། སློབ་གྲྭ་རུ་སློབ་ཨུ་ཚོགས་པ་དང་། བོད་སྐད་ཡིག་སློབ་ཞིབ་རྩ་འཛུགས། རྩིས་རིག་སློབ་ཞིབ་རྩ་འཛུགས། རྒྱ་ཡིག་སློབ་ཞིབ་རྩ་འཛུགས་སོགས་ཡོད་པ་རེད།
ཉེ་བའི་ལོ་འགའི་ནང་། སློབ་གྲྭས་སློབ་གསོའི་ལྟ་སྟངས་བསྒྱུར་བ་དང་སྤུས་ཚད་སློབ་གསོ་འཕེལ་རྒྱས་བྱེད་པ་དམིགས་སུ་བཟུང་སྟེ་བསམ་བློ་ཀུན་སྤྱོད་དང་། སློབ་སྦྱོང་། ལུས་རྩལ་ངལ་རྩོལ་སོགས་ཕྱོགས་གང་ཐད་འཕེལ་རྒྱས་གཏོང་བ་དང་། བྱ་ལས་སོ་སོ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་ཁ་ཕྱོགས་པ་རེད།