logo

གཞི་རིང་དགོན་པའི་བྱམས་བརྩེ་སློབ་གྲྭའི་དབུ་ཚུགས་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:རིན་སྤུངས་ཚུལ་བསྟན། ཡོང་ཁུངས།:ཧི་མ་ལ་ཡའི་བོན། དུས་ཚོད།:2011-09-06 ཀློག་གྲངས།:


དབུ་ཚུགས་མཛད་སྒོ་སྤེལ་བཞིན་པ།

  2011ལོའི་ཟླ8ཚེས31ཉིན་མཁན་པོ་ཚེ་རིང་ནོར་བུ་ལགས་ནས་གསར་བཞེངས་གནང་བའི་ཁམས་དཀར་མཛེས་ཁུལ་བྲག་འགོ་རྫོང་གཞི་རིང་དགོན་པའི་བྱམས་བརྩེ་སློབ་གྲྭ་དབུ་ཚུགས་མཛད་སྒོ་བསྡུས་པ་རེད།
  སློབ་གྲྭ་འདི་ཉིད་ནི་བྲག་འགོ་གཞི་རིང་དགོན་པའི་མཁན་པོ་ཚེ་རིང་ནོར་བུ་ལགས་ནས་གཙོ་འགན་བཞེས་ནས་གསར་དུ་བཞེངས་པ་ཞིག་ཡིན་ལ། སྦྱང་བྱ་གཙོ་བོ་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུས་རབས་དང་མཚམས་པའི་སྒོ་ནས་སློབ་སྦྱོང་སྣ་ཚོགས་བྱེད་རྒྱུ་དང་། གཞན་རྒྱ་ཡིག་དང་དབྱིན་ཡིག་སོགས་སློབ་སྦྱོང་བྱེད་པ་ཡིན་ཞིང་། སློབ་གྲྭ་འདིར་བོད་ཡིག་དགེ་རྒན་དང་། རྒྱ་ཡིག་དགེ་རྒན། དབྱིན་ཡིག་དགེ་རྒན་བཅས་ཡོད་ལ། ད་ལྟ་སློབ་མ་ལྔ་བཅུ་ལྷག་ཡོད་པ་རེད།
  གཞི་རིང་དགོན་པའི་བྱམས་བརྩེ་སློབ་གླིང་གི་དབུ་ཚུགས་མཛད་སྒོ་སྟེང་དཔལ་རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་དང་། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། སྡེ་དགེ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། ཉག་རོང་ཡེ་ཤེས་དགོན་པའི་སེང་སྤྲུལ་རིག་འཛིན་ཉི་མ། ཤར་རྫ་རི་ཁྲོད་མཁན་པོ་རིག་འཛིན་དབང་རྒྱལ། བོད་ལྗོངས་ཉིང་ཁྲི་སྐུ་ཤུག་དགོན་པའི་ཨ་གྲགས་ཤེས་རབ་དཔལ་ཆེན། བྲག་འགོ་བོན་བན་རིས་མེད་ཀྱི་དབུ་བླ་བླ་མ་འཇམ་དཔལ། ཨ་ལགས་ནམ་མཁའ། རྟོགས་ལྡན་དགོན་པའི་རག་རྡིས་སྤྲུལ་སྐུ། གཞི་རིང་དགོན་པའི་གཡང་སྟོན་སྤྲུལ་སྐུ་དགེ་ལེགས། བྲག་འགོ་གཏོ་དགོན་ནམ་རྒྱལ་རོང་དགོན་པའི་སྤྲུལ་སྐུ་འཆི་མེད་གཡུང་དྲུང་།  རྒྱལ་རོང་བསྟན་པའི་རྒྱལ་མཚན་སྤྲུལ་སྐུ། ཟིང་ཆུ་ཁོག་གི་སྐུ་ཚབ་རིན་སྤུངས་ཚུལ་བསྟན། གཞན་རྒྱ་ནག་པེ་ཅིང་། ཐན་ཝན། ཁྲེན་ཏུའུ་སོགས་ནས་ཕེབས་པའི་རྒྱ་རིགས་མི་སྣ། བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་མཁན་པོ་གྲྭ་བཙུན་དགེ་མ་སོགས་བཅུ་ཕྲག་དུ་མ་དང་། ཕྱོགས་སོ་སོ་ནས་ཕེབས་པའི་མི་དམངས་བརྒྱ་ཕྲག་རེ་གཉིས་སོགས་ལྷན་དུ་འཛོམས་ནས་བྱམས་བརྩེ་སློབ་གྲྭ་འདིའི་མཛད་སྒོ་སྤེལ་བ་རེད།


བྲག་འགོ་རྫོང་གི་སྒྱུ་རྩལ་ཚོགས་པའི་གླུ་གར་བྲོ་དབྱངས་ཀྱི་འཁྲབ་སྟོན་གནང་བ།

སློབ་མ་ཚོས་སློབ་ཁྲིད་ལ་ཉན་བཞིན་པ།


འབྲེལ་ཡོད་འོས་སྦྱོར།