logo

ཟི་ལིང་དུ་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་ཞིག་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-20 ཀློག་གྲངས།:


ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ།

            ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་དེ2011ལོའི་ཟླ4ཚེས26ཉིན་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས་མཆོག་མཆན་ཐོབ་པ་བརྒྱུད།   ཟི་ལིང་དམངས་ཁྲོད་རྩ་འཛུགས་དོ་དམ་ཅུ་རུ་ཐོ་འགོད་བྱས་ནས་བཙུགས་པའི་སློབ་གྲྭ་ཞིག་ཡིན།   སློབ་གྲྭ་འདི་ཟི་ལིང་གྲོང་ཁྱེར་གྱི་ནན་ཀོན་སྲང་ལམ་ཨང74ན་ཡོད།


སློབ་ཁང་། 

            སློབ་གྲྭ་འདིར་བོད་ཡིག་དང་རྒྱ་ཡིག     དབྱིན་ཡིག་བཅས་དང་སྒྱུ་རྩལ་གྱི་གསོ་སྦྱོང་འཆད་ཁྲིད་སོགས་བཀོད་སྒྲིག་བྱས་ཡོད་ཅིང་།   སློབ་གྲྭ་བཙུགས་ཚུན་ནས་བོད་སྐད་ཡིག་ཐོག་མའི་འཛིན་གྲྭ4དང་སློབ་མ60བསྡུས་པ་དང་།  སློབ་མ་མང་ཆེ་བ་ནི་ཟི་ལིང་ན་སྡོད་པའི་བོད་རིགས་ཁྱིམ་ཚང་ནས་ཡིན་ལ།    བོད་ཡིག་གསོ་སྦྱོང་འཛིན་གྲྭ་བཙུགས་པ་འདིས་ཁྱིམ་བདག་དང་སློབ་མ་མང་ཆེ་བའི་འདོད་ཐོག་ཏུ་རྟ་རྒྱུགས་པ་རེད།  
            ཉེ་སྔོན།  སློབ་གྲྭར་ན་ཆུང་བྱིས་པའི་ཅཱན་ཆོད་དབྱིན་ཡིག་གསོ་སྦྱོང་འཛིན་གྲྭ་ཞིག་བཙུགས་ཤིང་།   ཉམས་མྱོང་ཕུན་སུམ་ཚོགས་པའི་ཕྱི་གླིང་དགེ་རྒན་གདན་འདྲེན་ཞུས་པ་དང་།   དབྱིན་ཡིག་ཧྲཱ་ལུང་དང་དབྱིན་ཡིག་ཁ་བརྡ།   དབྱིན་ཡིག་གྲལ་བསྒྲིགས་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ།   ན་ཆུང་བྱིས་པ་རྣམས་རང་འགུལ་སྒོས་དབྱིན་ཡིག་སྦྱོང་བར་སྤྲོ་བ་བསྐྱེད་ཀྱི་ཡོད་པ་རེད།  


འབྲེལ་ཡོད་འོས་སྦྱོར།