logo

པེ་ཅིང་མི་རིགས་སློབ་ཆེན་གྱིས་སློབ་མ་བསྡུ་བའི་བརྡ་ཐོ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-19 ཀློག་གྲངས།:


བོད་ལུགས་སུ་བསྐྲུན་པའི་སློབ་ཁྲིད་ཐོག་ཁང་། 

            རྒྱ་ཆེ་བའི་བོད་ཀྱི་ན་གཞོན་སློབ་གཉེར་བ་ཡོངས་ལགས།  པེ་ཅིང་མི་རིགས་སློབ་ཆེན་ནི་སྤྱི་ལོ1984ལོར་གསར་དུ་ཚུགས་ཤིང་པེ་ཅིང་གྲོང་ཁྱེར་གྱི་སློབ་གསོ་མཐུན་ཚོགས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད་དེ་གྲུབ་པའི་སྣ་འཛོམས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན།  ད་སྐབས་སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་མུ420ཙམ་ཡོད་ཅིང་ཕྱོགས་འདུས་ཀྱི་སློབ་མ8000ཙམ་གྱིས་རྒྱུན་དུ་སློབ་སྦྱོང་གི་བྱ་བ་ལ་འབད་བརྩོན་བྱེད་ཀྱིན་མཆིས།   སྦྱོང་བྱའི་སྐོར་ལ་ལག་རྩལ་གྱི་ཕྱོགས་ནས་དྲ་བ་བཟོ་བའི་ལག་རྩལ་དང་།  གཉེན་ཆས་ཀྱི་སྐོར་གྱི་ལག་རྩལ་དང་།  རླངས་འཁོར་བཟོ་བའི་ལག་རྩལ་དང་།   ལྕགས་ལམ་བཟོ་བའི་ལག་རྩལ་དང་།  ཐོག་ཁང་བཟོ་བའི་ལག་རྩལ་དང་།  གྱོན་ཆས་བཟོ་བའི་ལག་རྩལ་དང་།   དེ་བཞིན་དུ་གློག་ཀླད་ཀྱི་སྐོར་གྱི་ལག་རྩལ་སོགས་དང་།   སྐད་རིགས་ལ།   རྒྱ་སྐད་དང་།   དབྱིན་སྐད།   འཇར་པན་གྱི་སྐད།   ལྷོ་ཁོ་རེ་ཡའི་སྐད།  ཨ་རབ་ཀྱི་སྐད་སོགས་དང་།    སྒྱུ་རྩལ་གྱི་ཕྱོགས་ནས།   ཞབས་བྲོ་དང་།   གློག་བརྙན་འཕྲིན་གྱི་བྱ་བ་དང་།   རི་མོ་སོགས་མཛེས་རྩལ་གྱི་སྐོར་དང་།   རོལ་དབྱངས།   རོལ་ཆས་སོགས་དང་།   ཞབས་ཞུའི་སྐོར་ལ་ཡུལ་སྐོར་ཀྱི་ཞབས་ཞུ་དང་།   གནམ་གྲུའི་ཞབས་ཞུ།   དེ་བཞིན་དུ་ལྕགས་ལམ་དོ་དམ་གྱི་བྱ་བ་དང་།   དཔལ་འབྱོར་དོ་དམ་གྱི་བྱ་བ་དང་།   རྒྱུ་སྤུས་དོ་དམ་གྱི་བྱ་བ་སོགས་དང་ད་དུང་ཁྲིམས་ལུགས་ཀྱི་སྐོར་དང་།   རྩོམ་རིག    གློག་རྡུལ་གྱི་ལག་རྩལ།   གསར་འགོད་ཀྱི་བྱ་བ་དང་།   རྩོམ་སྒྲིག་གི་བྱ་བ།   ཆ་འཕྲིན་གྱི་བྱ་བ་སོགས་མདོར་ན་སློབ་གླིང་ཉི་ཤུ་ལྷག་དང་ཆེད་ལས་བརྒྱ་ཕྲག་ལྷག་ཡོད་པས་རྒྱ་ཆེ་བའི་སློབ་མ་དག་གི་དགོས་མཁོ་མཐའ་དག་ཡོངས་སུ་སྐོང་ནུས་པ་ཞིག་གོ།


ནུབ་ལུགས་ཅན་གྱི་སློབ་གྲྭའི་དཔེ་ཀློག་ཁང་།

            གཞན་ཡང་པེ་ཅིང་མི་རིགས་སློབ་ཆེན་ནི་ཀྲུང་གོའི་དམངས་སྒྲུབ་མི་རིགས་སློབ་ཆེན་གཅིག་པུ་དེ་ཡིན་པས་ཆེད་དུ་གྲངས་ཉུང་མི་རིགས་ལ་དམིགས་གསལ་དུ་སྟབས་བདེ་སྣ་ཚོགས་བཟོས་ཡོད་ཅིང་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོར་ལོ་རེར་སློབ་ཡོན་གྱི་སྟེང་ནས་སྒོར600རེ་སླ་བར་གཏོང་གིན་ཡོད་པ་དང་།   རྒྱ་ཡུར་རིག་གནས་འཛིན་གྲྭ་ཞེས་པ་ཞིག་ཀྱང་བཙུགས་ཏེ་ཡུ་གུར་གྱི་སློབ་མ་དག་ལ་རང་མི་རིགས་ཀྱི་རིག་གནས་སློབ་པའི་གོ་སྐབས་བསྐྲུན་ཡོད་པ་དང་རྒྱ་བོད་རིག་གནས་འཛིན་གྲྭ་ཞེས་པ་ཞིག་ཀྱང་འཛུག་འཆར་ཡོད་དོ། །


མི་རིགས་སྣ་མང་ལྷན་འཛོམས་ཀྱི་འདྲ་པར་ཞིག

            ད་སྐབས་སློབ་གྲྭ་འདིའི་ནང་དུ་མི་རིགས་མི་འདྲ་བ་སུམ་ཅུ་ཙམ་གྱི་སློབ་མ་ཡོད་ཅིང་སློབ་གྲྭ་སྤྱིའི་སློབ་མའི་བརྒྱ་ཆའི་ཉི་ཤུ་ཙམ་ཟིན།   སློབ་གྲྭའི་དགེ་རྒན་དག་ནི་ཆིང་ཧ་སློབ་གྲྭ་ཆེན་མོ་དང་།   པེ་ཅིང་སློབ་གྲྭ་ཆེན་མོ།  པེ་ཅིང་དགེ་ཐོན་སློབ་ཆེན་སོགས་ཀྲུང་གོའི་མཐོ་རིམ་སློབ་ཆེན་དག་ནས་ཕེབས་པ་ཡིན་པས་ཡོན་ཏན་གྱི་ཆུ་ཚད་དང་།   སློབ་ཁྲིད་ཀྱི་ཉམས་མྱོང་སོགས་གང་ཅིའི་ཐད་ནས་ཧ་ཅང་ཕུན་སུམ་ཚོགས་པ་ཡིན།  ད་དུང་པེ་ཅིང་མི་རིགས་སློབ་ཆེན་ནི་ཀྲུང་གོའི་རྒྱལ་ས་སྟེ་པེ་ཅིང་གྲོང་ཁྱེར་གྱི་ཉེ་ལོགས་སུ་ཡོད་པས་ས་ཆ་གཞན་དང་མི་མཚུངས་པར་ཆབ་སྲིད་དང་།   དཔལ་འབྱོར།  རིག་གནས།  སློབ་གསོ་སོགས་ཀྱི་ཐོན་ཁུངས་བླ་ན་མེད་པ་ཞིག་ཡོད་པས་སློབ་མ་དག་གིས་དཔེ་དེབ་ཀྱི་ཐོག་ནས་ནམ་ཡང་སློབ་མི་ཐུབ་པའི་ཤེས་བྱ་མང་པོ་ཞིག་ཀྱང་ཞོར་དུ་སློབ་ཐུབ་པ་ཡིན་ནོ། །


སློབ་གསེང་གི་སྐབས་སུ་བོད་ཀྱི་སློབ་མ་དག་ལྗོངས་རྒྱུར་བསྐྱོད་པ། 

            ལྷག་པར་དུ་སློབ་གྲྭ་འདིས་སློབ་གྲྭ་གཞན་དང་མི་མཚུངས་པར་མཐོ་རྒྱུགས་ཀྱི་སྐབས་སུ་རྒྱུགས་མ་འཕྲོད་པར་ལུས་པའི་སློབ་མ་དག་དང་ཡང་ལོ་ཆུང་གི་སྐབས་སུ་རྒྱ་ཡིག་སོགས་གཞན་རིགས་ཀྱི་ཡི་གེ་སློབ་པའི་གོ་སྐབས་མ་ཐོབ་པའི་སློབ་མ་དག་ལ་དམིགས་གསལ་གྱི་སྟབས་བདེ་ཞིག་བསྐྲུན་ཡོད་པས་རྒྱ་ཆེ་བའི་བོད་རིགས་སློབ་གཉེར་བ་མང་པོ་ཞིག་ཕེབས་པར་སྙིང་ནས་དགའ་བསུ་བྱེད་ཀྱིན་ཡོད་དོ། །


སློབ་གྲྭའི་ར་སྐོར་ནང་གི་ཟུར་ཞིག 

ཁ་བའི་གོས་དཀར་བཀླུབས་པའི་སློབ་ཁྲིད་ཐོག་ཁང་།

            འགྲོ་སོང་།   སློབ་ཡོན(ཆེད་སྦྱོང་མི་འདྲ་བ་རེ་རེ་ལ་སློབ་ཡོན་མི་འདྲ་བ་རེ་རེ་ཡོད་པས་ཐོག་མར་ཆེད་སྦྱོང་གཏན་ཁེལ་གྱིས་གསལ་ཁ་ལེན་དགོས་པ།)གྱི་སྟེང་དུ་མལ་ཁང་གླ་ལོ་གཅིག་ལ་སྒོར1000—3000གྱི་བར་དང་།   མལ་ཁང་ལ་ཤག་མིག་རེ་རེའི་ནང་དུ་མི་བརྒྱད་ཅན་དང་མི་དྲུག་ཅན།   མི་བཞི་ཅན་བཅས་ཡོད་པས་རང་རང་གི་དགའ་ཕྱོགས་བཞིན་འདེམ་ཆོག   དེ་བཞིན་དུ་དོ་དམ་གླ་ཞེས་པ་སྒོར400ཅན་ཞིག་དང་བདེ་སྲུང་གླ་སྒོར200།  སློབ་དེབ་ཀྱི་རིན་སྒོར500།       ལུང་ཕུང་བརྟག་དཔྱད་གླ་སྒོར50།   ལུས་སྦྱོང་གི་སྐབས་སུ་གྱོན་ཆས་ཉོ་བྱེད་ལ་སྒོར300།        གཞན་གཏའ་མ་སྒོར200བཅས་ཡིན་པས་དེ་ལུགས་ཐུགས་ལ་འཇག་པར་འཚལ། 


འབྲེལ་ཡོད་འོས་སྦྱོར།