གཅིག་སྒྲིལ་རྫོང་བོད་ཡིག་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།
སློབ་གྲྭ་ར་བའི་ནང་གི་དགེ་སློབ་རྣམ་པ།
གཅིག་སྒྲིལ(གཡུ་རྩེ་རྫོང)རྫོང་བོད་ཡིག་བཅའ་སྡོད་སློབ་འབྲིང་ནི། བོད་ཤར་རྒྱུད་ཀྱི་གནས་ཆེན་གཉན་པོ་གཡུ་རྩེའི་ཤར་འདབས་ཨ་སྐྱོང་ཁང་སར་སྡེ་བའི་དཀྱིལ་སྙིང་། བོད་ཀྱི་དཔའ་བོའི་མི་སྣ་གླིང་རྗེ་གེ་སར་རྒྱལ་པོའི་ཕུ་བོ་འབུམ་པའི་ཞ་ལུ་དཀར་པོ་ཡབ་སྲས་ཀྱི་ཕོ་བྲང་གཉིས་པ་རྔུལ་ཆུ་ཁྲོ་རྫོང་མཁར་ཤུལ་དུ་གྲགས་པའི་ཉེ་འདབས། གསའི་དྲུག་ཆེན་སུམ་མདོ་རུ། སྤྱི་ལོ1981ལོར་དབུ་བརྙེས་ཤིང་ལོ་ངོ30ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན། འདི་ན་ཀ་ཁའི་དབྱངས་རྟ་འཁྱིལ་བའི་རོལ་ཁང་ཞིག་དང་། འདི་ན་ཁོར་ཡུག་གི་སྦྲ་ནག་ཚང་གི་མ་འོངས་པའི་ཤི་གསོན་ཐོགས་པའི་གཞོན་རབས་པའི་དཔུང་སྡེའི་ར་སྐོར་ཞིག འདི་ནས་དགེ་སློབ་ཡོངས་ཀྱིས་སྟོབས་ཤུགས་ཡོད་དགུས་སློབ་སྒྲུབ་ཀྱི་ཚད་གཞི་མུ་མཐུད་དུ་ཡར་རྒྱས་ཀྱི་ལམ་ལ་ཁ་ཁྲིད་དེ། ད་ལྟ་ཕྱོགས་ཡོངས་ནས་ཅུང་ཚད་ལྡན་རང་བཞིན་གྱི་ལམ་ལ་བསྐྱོད་བཞིན་པའི་སྐབས་ཡིན་པ་དང་། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ69700ཡོད་ལ། སློབ་གླིང་འདིར་སྐབས་ཡོད་སློབ་མ860ཡོད་པ་དང་། འཛིན་གྲྭ21དགེ་སློབ་ལས་བཟོ་བ་ཁྱོན་མི་གྲངས64ལྷག དེ་བཞིན་དུ་དགེ་བཟོ་བའི་མལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1390དང་། སློབ་མའི་མལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ640སྨན་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ20དཔེ་མཛོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ70དང་དཔེ་ཆའི་གྲངས་ཁྱོན་ཁྲི་ལྷག་ཡོད་འདུག སློབ་གྲྭའི་ཕྱུགས་རའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ5600བཅས་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ99609ཡོད་སྐད།
སློབ་གྲྭའི་ཟུར་ཞིག
སློབ་གྲྭས་སློབ་མར་ཐུགས་ཁུར་དང་ཁྱིམ་བདག་ལ་ཞབས་ཞུ། སྤྱི་ཚོགས་ལ་དྲིན་ལན་གསབ་པའི་བྱེད་ཕྱོགས་དེ་སློབ་གྲྭ་བསྒྲུབ་པའི་དམིགས་དོན་དུ་བཟུང་ནས། ལས་ལ་བརྩོན་ཞིང་གནས་ལ་དགའ་བ། ལས་ལ་བརྩོན་ནས་སློབ་མར་བརྩེ་ཞིང་སློབ་གྲྭར་དགའ་བའི་ཁྲིད་སྲོལ་དང་། ཤེས་པར་བྲེལ་ཞིང་མཉམ་འབྲེལ་ལ་བརྩོན་པ། གསར་བཏོད་ལ་བློ་སྤོབས་པ་བསྐྱེད་པའི་སྦྱང་སྲོལ་གྱི་ལུགས་བཟང་ཆགས་སུ་བཅུག་ནས། དགེ་རྒན་རྣལ་མ་དང་དགེ་གཤིས་བཟང་པོ། སྣང་བརྙན་གསར་བཞེངས་བཅས་ཀྱི་གཤིས་སྤྱོད་འཛུགས་བསྐྲུན་གསར་སྤེལ་བྱེད་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཀ་དམ་འཛིན་གྱིས་སློབ་སྒྲུབ་ཆ་རྐྱེན་རིམ་བཞིན་ཇེ་ལེགས་སུ་བཏང་སྟེ། སྤུས་ཚད་བརྟན་ཆགས་ངང་མཐོར་འདེགས་གཏོང་བར་སྲ་བརྟན་གྱི་རྨང་གཞི་བཞག
སློབ་གྲྭའི་ར་བ།
སློབ་གྲྭ་སྒྲུབ་པའི་ཁྱད་འཕགས་ཀྱི་འབྲས་བུར། ཁུལ་ཡོངས་ཀྱི་སློབ་གྲྭ་བསྒྲུབ་པའི་ཚོད་བཤེར་ཁྲོད་རིམ་པ་དང་པོའི་སློབ་འབྲིང་གི་མཚན་སྙན་ཐོབ་ལ། ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ཚུལ་ལྡན་ལས་ཁུངས། རྫོང་ཡོངས་ཀྱི་ཕྱོགས་བསྡུས་དོ་དམ་སྔོན་ཐོན་གྱི་སློབ་གྲྭ་ཨང་དང་པོ། 2005ལོར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཚད་ལྡན་སློབ་འབྲིང་སོགས་ཀྱི་མཚན་སྙན་བླངས། དུས་རབས་གསར་བའི་གལ་འགངས་ཆེ་བའི་དུས་སྐབས་སྟེ། ཕྱོགས་ཡོངས་ནས་སྤུས་ཚད་སློབ་གསོ་ལག་བསྟར་བྱེད་པའི་དུས་སྐབས་གསར་བའི་འོག དགེ་བཟོ་བ་ཡོངས་ནས་དངོས་ཐོག་བདེན་འཚོལ་དང་གསར་བཏོད་ཞབས་ཞུའི་བཅའ་སྡོད་སློབ་གྲྭའི་སྙིང་སྟོབས་སྤེལ་ཞིང་། དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་ཡིད་ཆེས་ཆེན་པོས་མཐུན་སྒྲིལ་གཅིག་གྱུར་གྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བོད་ཡིག་ལྟེ་གནས་བཅའ་སྡོད་སློབ་འབྲིང་གི་འཛུགས་སྐྲུན་ལ་འབད་བརྩོན་བྱེད་བཞིན་མཆིས། 1990ལོ་ནས་བཟུང་ད་ལྟའི་བར་ཁུལ་ཡོངས་དང་། ཞིང་ཆེན་ཡོངས་ནས་སློབ་སྤྱིའི་དོ་དམ། ཕུལ་བྱུང་གི་སློབ་འབྲས། འགྲན་བསྡུར་སྣ་ཚོགས་དང་མདུན་སྐྱོད་བརྩོན་ལེན་མི་ཉུང་བ་ཞིག་གི་ཁྲོད་ནས་ཆེས་མཐོའི་མཚན་སྙན་རབ་དང་རིམ་པ་ཞིག་ཐོབ་མྱོང་བ་སོགས། ད་ལྟ་གཉན་པོ་གཡུ་རྩེའི་ཉེ་འཁོར་ན་རེ་བའི་མིག་ཟུང་གཏོད་ས་ཞིག་ཡོད་པ་ནི་སློབ་གླིང་འདི་ཁོ་ནར་གྱུར་ཡོད་པ་ཡིན།