logo

སྤོ་ལུ་ཤང་ལྟེ་གནས་སློབ་ཆུང་གིས་གཟེངས་བསྟོད་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:རིན་ཆེན་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-11 ཀློག་གྲངས།:


སློབ་ཁང་གི་ཟུར་ཞིག


ལོ་ཆུང་བྱིས་པ་རྣམས་ཀྱིས་རང་རང་གི་ཕུགས་འདུན་ཆེད་དུ་
ཤེས་རིག་གི་རྒྱ་མཚོར་རྐྱལ་རྩལ་སྦྱོང་བཞིན་པ།


གདོང་ལ་འཛུམ་གྱིས་ཁེངས་ཤིང་སེམས་ལ་དགའ་སྤྲོས་བརྟས་པའི་སློབ་མ་རྣམས་ཀྱི་སློབ་དུས་
གོང་མར་རང་ཉིད་ཀྱི་བརྩོན་འགྲུས་ལ་བསྟེན་ནས་ཐོབ་པའི་བྱ་དགའ་ལེན་བཞིན་པ།

            ཉེ་ལམ།  སྤོ་ལུ་ཤང་ལྟེ་གནས་སློབ་ཆུང་སློབ་གྲྭས་སློབ་མར་སློབ་ལ་སྐུལ་ཆེད་དུ་སློབ་དུས་གོང་མའི་སློབ་མཇུག་ཡིག་རྒྱུགས་སྐབས་སྦྱངས་འབྲས་གཟེངས་སུ་ཐོན་པའི་སློབ་མར་གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་དགའ་སྟོན་གྱི་བྱེད་སྒོ་སྤེལ་པ་རེད།  སྤོ་ལུ་ཤང་ལྟེ་གནས་སློབ་ཆུང་ནི་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་སྤོ་ལུ་ཤང་དུ་གནས་ཤིང་།  སློབ་གྲྭར་རྒྱལ་ཁབ་རིམ་པའི་ཡོན་ཚད་ཐོབ་པའི་དགེ་བའི་བཤེས་གཉེན13ཡོད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།