རྨ་ཆུ་རྫོང་བོད་རིགས་སློབ་འབྲིང།
རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ནི། གནམ་འོག་གི་རྨ་ཁུག་དང་པོའི་འགྲམ་ངོགས་ཀྱི་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་ཡངས་པའི་རྩྭ་ཐང་དུ་ཆགས་ཡོད། སྤྱི་ལོ1980ལོའི་ཟླ12པར་གསར་དུ་བཙུགས། བོད་རྒྱ་དབྱིན་གསུམ་སྟེ་སྐད་གསུམ་འཆད་ཁྲིད་བྱེད་པའི་བཅའ་སྡོད་ལམ་ལུགས་ཀྱི་ཆ་ཚང་སློབ་འབྲིང་ཞིག་ཡིན།
སློབ་གྲྭའི་རྒྱ་ཁྱོན་ལ་ས་མུའུ103དང་།སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ16656ཡོད་ལ། སློབ་ཁྲིད་ཐོག་ཁང་ཆེན་མོ2དང་སྣ་འཛོམས་ཐོག་ཁང་ཆེན་མོའི་གཞུང་ཤག་ཁང3། སློབ་མའི་མལ་ཁང་གི་ཐོག་ཁང2།སྒེར་སྤྱོད་ལུས་རྩལ་ར་བ་ཆེན་པོ་གཅིག་བཅས་ཡོད་པ་མ་ཟད། དཔེ་ཆ་པོ་ཏི12617ལ་ལོངས་བའི་དཔེ་མཛོད་ཁང་དང་གློག་རྩིས་འཕྲུལ་ཆས62ཅན་གྱི་གློག་རྩིས་ཁང་། ད་དུང་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་རིག་པའི་ཚོད་ལྟ་ཁང་དང་། སྣ་མང་སྨྱན་སྦྱོར་རྩིས་ཁང་དང་སྐད་གདངས་ཉན་ཞིབ་ཁང་།བརྙན་འཆར་སློབ་ཁང་སོགས་ཡོད།
སློབ་གྲྭ་འདིར་རྒྱལ་ཁྦ་རིམ་པས་གཏན་འཁེལ་གནང་བའི་བསླབ་གཞིའི་ཁྲོད་ནས་རྒྱ་ཡིག་དང་དབྱིན་ཡིག་གློག་རྩིས་ལས་གཞན་པའི་བསླབ་གཞི་ཚང་མ་བོད་སྐད་ཡིག་གིས་འཆད་ཁྲིད་གནང་བཞིན་ཡོད།སྤྱི་ལོ2006ལོ་ནས་བོད་ཀྱི་ཐང་ཀའི་འབྲི་བཞེངས་ཀྱི་སྒྱུ་རྩལ་དང་སྣུམ་ཚོན་རི་མོའི་སྒྱུ་རྩལ། གནའ་དེང་རོལ་དབྱངས་ཀྱི་སྒྱུ་རྩལ་སོགས་མཛེས་རྩལ་དང་རོལ་དབྱངས་ཀྱི་བསླབ་གཞིའང་ཁ་སྣོན་བྱས་ཡོད།
མིག་སྔར་སློབ་གྲྭ9ཡོད། སྤྱི་བསྡོམས་པས་སློབ་མ906(ཚངམ་བོད་རིགས་རྐྱང་བའི་ཞག་སྡོད་སླབོ་མ་ཡིན)ཡོད་ཅིང་། ད་ཡོད་ཀྱི་འཛིན་གྲྭའི་གྲངས་དང་སློབ་མའི་ཁ་གྲངས་ནི་སློབ་གྲྭ་བཙུགས་པའི་ཚུན་ཆད་ཀྱི་ཆེས་མཐོ་བའི་ཟིན་ཐོ་ཡིན་པ་དང་། དགེ་བཟོ105དང་དེའི་ཁྲོད་དུ་དགེ་རྒན93སྤྱི་གཉེར་མི་སྣ12ཡོད།
དགེ་རྒན་གྱི་དཔུང་སྡེའི་ཕྱོགས་ནས་དངོས་གཞིའི་ཚན་ཁག་ནས་མཐར་ཕྱིན་པའི་དགེ་རྒན60དང་། མཐོ་རིམ་ཆེད་སྦྱོང་ཚན་ཁག་ནས་མཐར་ཕྱིན་པའི་དགེ་རྒན43གཞན་པའི་དགེ་རྒན2ཡོད་པས་དགེ་རྒན་གྱི་སློབ་ཐོན་ཚད་ལྡན་བསྡུར་ཚད་བརྒྱ་ཆའི96ལ་སླེབས་ཡོད། འདིའི་ཁྲོད་ནས་དགེ་རྒན88བོད་རིགས་དང་15རྒྱ་རིགས།1ཧོར་རིགས།1ཁ་ཆེའི་རིགས་ཡིན། མཐོ་རིམ་དགེ་རྒན་གྱི་མཚན་འཛིན་པ1དང་འབྲིང་ཚད་རིམ་པ་གཅིག་ཅན13འབྲིང་ཚད་རིམ་གཉིས་ཅན28རིམ་པ་གསུམ་ཅན་སོགས་མི63ཡོད། དེ་མིན་ད་དུང་རྒྱལ་ཁབ་རིམ་པའི་དགེ་རྒན1ཀན་སུའུ་ཞིང་ཆེན་ཡོན་ཏེན་བྱ་དགའ་ཐོབ་མཁན1ཞིང་ཆེན་རིམ་པའི་རྐང་འཛིན་དགེ་རྒན4།ཁུལ་རིམ་པའི་དགེ་རྒན་ཕུལ་བྱུང་ཅན10ཡོད།1980ལོ་ནས་ད་བར་དུ། སློབ་གྲྭས་དམའ་འབྲིང་རིམ་པའི་མཐར་ཕྱིན་ཐེངས22དང་ཁྱོན་བསྡོམས་མི་གྲངས822ཡོད། འབྲིང་རིམ་སློབ་གྲར་མི218བརྫངས།སྤྱི་ལོ1989ལོར་མཐོ་འབྲིང་ཚན་ཁག་གཉེར་ཏེ་ད་བར་མཐར་ཕྱིན་ཐེངས14དང་ཁྱོན་བསྡོམས་མི་གྲངས216ལ་བསླེབས་ལ།རྒྱལ་ཡོངས་མི་རིགས་མཐོ་རིམ་སློབ་ཆེན་ཁག་ལ་མི159བརྫངས།འདིའི་ཁྲོད་ནས་དངོས་གཞིའི་སློབ་མ71དང་ཆེད་སྦྱོང་སློབ་མ98ཞིབ་འཇུག་སློབ་མ2ཡོད།འདི་ལྟ་བུའི་རྨ་ཆུ་རྫོང་གི་སློབ་གསོའི་ལས་དོན་གཏན་འཇགས་གོང་འཕེལ་གྱི་ཚ་རླབས་དྲག་ཏུ་འཕྱུར་བའི་ཁྲོད་ནས་ངེད་སློབ་གྲྭའི་སློབ་མའི་ཐོན་ཚད་གོང་འཕེལ་འགྲོ་བ་ཤིན་ཏུ་མགྱོགས་ཤིང་མ་འོངས་བའི་ལོ་ངོ་བཞིའི་རིང་ལོ་རེར་སློབ་མའི་འཕར་ཚད་ཆ་སྙོམས650ལས་བརྒལ་ངེས་རེད།དེ་བས།དགེ་རྒན་གྱི་དཔུང་སྡེའི་སྟོབས་ཤུགས་འཛུགས་སྐྲུན་གྱི་ཐད་ལ་དཀའ་ངལ་མི་ཉུང་ཡོད་ངེས་རེད།ངེད་སློབ་གྲྭའི་སློབ་ཁྲིད་ཀྱི་ལས་དོ