ཡུལ་ཤུལ་ཁུལ་དར་དམར་མི་རིགས་སློབ་ཆུང་།
ཡུལ་ཤུལ་ཁུལ་དར་དམར་མི་རིགས་སློབ་ཆུང་ནི༡༩༦༢ལོར་བཙུགས་ཤིང་རྒྱ་ཁྱོན་ལ་མུའུ༢༢བཟུང་ཡོད། ད་ལྟ་སློབ་ཁྲིད་འཛིན་གྲྭ༢༨(དེའི་ནང་དུ་དམིགས་བསལ་གྱི་སློབ་ཁྲིད་འཛིན་གྲྭ༡འདུས)དང་སློབ་མ༡༤༠༠དང་། དགེ་བཟོ་བ༩༢བཅས་ཡོད་པ་དང་། སློབ་གྲྭའི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན་ཞིང་། ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱི“དཔལ་ཡོན་ལྡན་པའི་ལས་ཁུངས”ཡིན་པ་དང་། ཚད་ལྡན་ཅན་གྱི་སློབ་གྲྭའི་མཚན་སྙན་ཞིང་ཆེན་ཕྱི་ནང་ཀུན་ཏུ་གྲགས་ཡོད།
ལོ་འགའི་རིང་ལ། སློབ་གྲྭས་སློབ་གསོ་དང་སློབ་ཁྲིད་ཀྱི་བདག་གཉེར་དོ་དམ་སྟེང་སྒྱུར་བཅོས་བྱེད་ཐབས་རབས་དང་རིམ་པ་ལག་བསྟར་བྱས་ཤིང་། ཧུར་བརྩོན་སྒོས“སློབ་གཙོའི་འགན་འཁྲི་ལམ་ལུགས་དང་དགེ་རྒན་གདན་བསྐོ་ལམ་ལུགས། ནང་ཁུལ་གྱི་སྒྲིག་གཞི་ཟླ་ཕོགས་ལམ་ལུགས”བཅས་ལག་བསྟར་བྱས་པ་དང་། དུས་མཚུངས་སུ“སྐུལ་འདེད་ལམ་ལུགས་དང་འགྲན་རྩོད་ལམ་ལུགས། ཚོད་འཛིན་ལམ་ལུགས”སོགས་སློབ་གྲྭར་དྲངས་སྟབས། སློབ་གསོ་དང་སློབ་ཁྲིད་བྱ་བར་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པ་དང་། “མཐུན་སྒྲིལ། བདེན་འཚོལ། འབད་བརྩོན”བཅས་ཀྱི་དགེ་བཟོ་བའི་ཚོགས་པ་ཞིག་ཆགས་ཤིང་། དཔེ་ཁྲིད་མི་སྐྱོང་གི་ཁོར་ཡུག་གཙང་ཞིང་གྲལ་དག་པ། ལྷིང་འཇགས་ལྡན་པ་ཞིག་བསྐྲུན་ཡོད། མདོར་ན་སློབ་གྲྭ་འདིའི་སློབ་སྲོལ་བཟང་ཞིང་ཁྲིད་སྟོན་གནད་ལ་འཁེལ་བ། སྦྱང་བརྩོན་ཆེ་བ་བཅས་དགེ་སློབ་ཡོངས་ཀྱིས་སློབ་གྲྭ་འདི་ཉིད་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་ཆུང་ཨང་དང་པོའི་གྲལ་དུ་ཚུད་པར་བརྩོན་དང་བརྩོན་བཞིན་ཡོད་དོ།།
༡༩༩༦ལོའི་མཚོ་སྔོན་སློབ་གསོ་དེབ་ལྔ་བ་ལས།