logo

ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གི་གནས་ཚུལ་མདོར་བསྡུས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-01-13 ཀློག་གྲངས།:

 

  ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་ནི༡༩༧༩ལོར་བཙུགས་ཤིང་།  ལོ་དགུའི་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་ཡིན།   ད་ལྟ་དགེ་བཟོ་བ༩༢ཡོད།  དེའི་ཁྲོད་དུ་བུད་མེད་དགེ་རྒན༤༣ཡོད།  ཆེད་འགན་འཛིན་པའི་དགེ་རྒན་གྱི་ཁྲོད་དུ་ཞིབ་འཇུག་པའི་ཐོབ་ཐང་ཅན༡དང་།  དངོས་གཞི་ཚན་ཁག་གི་ཐོབ་ཐང་ཅན༢༥དང་།   ཆེད་སྦྱོང་ཚན་ཁག་གི་ཐོབ་ཐང་ཅན༥༣དང་།  འབྲིང་རིམ་ཆེད་ལས་དགེ་རྒན་གྱི་ཐོབ་ཐང་ཅན༡བཅས་ཡོད།  མཐོ་རིམ་གོ་མིང་བླངས་ཡོད་པའི་དགེ་རྒན༡༠དང་འབྲིང་རིམ་གོ་མིང་བླངས་ཡོད་པའི་དགེ་རྒན༡༩དང་།  ཐོག་མའི་གོ་མིང་བླངས་ཡོད་པའི་དགེ་རྒན༥༠དང་།  སློབ་ཆུང་གི་དགེ་རྒན༦༡དང་།  དམའ་འབྲིང་གི་དགེ་རྒན༡༨བཅས་ཡོད།  སློབ་གྲྭར་ད་ཡོད་སློབ་མ༡༤༨༥ཡོདདེའི་ནང་དུ་སློབ་ཆུང་གི་སློབ་མ༡༢༦༩དང་དམའ་འབྲིང་གི་སློབ་མ༢༡༦འདུས།  ཞག་སྡོད་སློབ་མ༩༤༦དང་བུད་མེད་སློབ་མ༣༨༩ཡོད།  སློབ་གྲྭར་བསྡོམས་པས་ལོ་རིམ་དགུ་ལ་བགོས་ཡོད་པ་དང་།  འཆད་ཁྲིད་འཛིན་གྲྭ༢༧བཙུགས་ཡོད།  སློབ་གྲྭར་ཏང་ཀྲུའུ་པུའུ་དང་།  སློབ་གཙོ་ཁང་།  སློབ་དོན་ཁང།  སློབ་སྟོན་ཁང་།  སྤྱི་གཉེར་ཁང་།  སློབ་མ་དོ་དམ་ཁང་།  གུང་གཞོན་ཚོགས་པ།  བཟོ་ཚོགས།  བུད་མེད་མཉམ་འབྲེལ་ཚོགས་པ་བཅས་ཡོད།

  སློབ་རྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༥༢༡༢༨དང་།  འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༦༡༦༤ཡོད།  དེའི་ནང་སློབ་ཁྲིད་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༣༣༠༩ཡོད།  འཚོ་བར་བཀོལ་པའི་ཁང་བའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༢༦༤༩.༧༤ཡོད།  གཞན་པར་བཀོལ་བའི་ཞོར་གཏོགས་ཁང་བའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༡༨༢.༩༡ཡོད།

  སློབ་གྲྭར་ད་ལྟ་རྩིས་འཁོར་ཁང་གསུམ་ཡོད་པར་གློག་ཀླད༡༢༡སྒྲིག་སྦྱོར་བྱས་ཡོད་པ་མ་ཟད།  དབྱིན་ཐེའུ་ཨྰར་དྲ་རྒྱར་འབྲེལ་མཐུད་བྱས་ཤིང་།  རྒྱང་རིང་སློབ་གསོའི་ས་ངོས་འཁོར་སྐར་སྡུད་ལེན་ས་ཚིགས་དང་རྒྱང་རིང་སློབ་གསོའི་རྒྱུད་གཏོང་ཁང་།  སྨྱན་བྱེད་སློབ་ཁང༢བཅས་སྒྲིག་སྦྱོར་བྱས་ཡོད།  དགེ་རྒན་གྱི་གློག་རྡུལ་སློབ་ཁྲིད་གྲ་སྒྲིག་ཁང༡ཡོད།  སློབ་ར་ཆ་འཕྲིན་ཅན་དང་དེང་རབས་ཅན་དུ་མངོན་འགྱུར་བྱེད་ཆེད་རྨང་གཞི་བརྟན་པོ་བཏིང་།

  ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་ནི་རྫོང་ཡོངས་སུ་ཆེས་ཆེ་བའི་ཉིན་ཧྲིལ་བའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་ལ།  སློབ་གྲྭའི་བྱ་བ་སྣ་ཚོགས་ཏང་ཀྲུའུ་པུས་ཡང་དག་གི་འགོ་ཁྲིད་དང་དོ་དམ་འོག  བྱ་བ་སྣ་ཚོགས་ལ་མགོ་རྔ་ཡོད་པ་དང་བརྒྱུད་རིམ་ལྡན་པ་ཞིག་ཡིན།  སློབ་གྲྭ་གཞི་རྩར་བཟུང་ནས།  མི་ཉིད་མ་རྩ་ཡིན་པའིསྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་དོ་དམ་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་སྒོས།  སློབ་གྲྭའི་དངོས་ཡོད་ལ་རྐང་བཙུགས་ནས་དོ་དམ་ལམ་ལུགས་སྣ་ཚོགས་གཏན་ལ་ཕབ་ཏེ།  འབད་པས་མི་སྐྱོང་ལམ་ལུགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་བཞིན་མཆིས།

  ལོ་འགའི་རིང་ལ་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་དེ།  བསྡོམས་པས་དགེ་རྒན༣༤ཡི་དཔྱད་རྩོམ་དང་། སློབ་ཁྲིད་འཆར་འགོད་ལ་ཞིང་ཆེན་དང་།  ཁུལ།  རྫོང་རིམ་པ་བཅས་ཀྱི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་ལ།  དཔྱད་རྩོམ་མང་བོ་ཞིག་དུས་དེབ་སྟེང་དུ་ཕུད།  སློབ་མ༥༠ལྷག་གིས་འགྲན་བསྡུར་སྣ་ཚོགས་ཁྲོད་ནས་བྱ་དགའ་བླངས།  ཚན་རིག་གིས་རྒ


འབྲེལ་ཡོད་འོས་སྦྱོར།