logo

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།

རྩོམ་པ་པོ།:cbnvhn ཡོང་ཁུངས།:བོད་ླྗོངས་རིག་གནས་དྲ་བ། དུས་ཚོད།:2008-12-30 ཀློག་གྲངས།:

  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནི་རྩོམ་རིགས་དང་ལོ་རྒྱུས། ཚད་མ། དཔལ་འབྱོར་དོ་དམ། ཁྲིམས་ལུགས། རྩིས་རིག ཞིང་ལས་རིག་པ་སོགས་ཆེད་ལས་གང་མང་ཡོད་པའི་སྣ་འཛོམས་ཅན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོ་ཞིག་ཡིན། སློབ་གྲྭ་འདི་སྤྱི་ལོ་༡༩༥༠ལོའི་ཟླ༧པར་ཐོག་མར་ཚུགས་པ་དང་སྤྱི་ལོ་༡༩༥༡ལོའི་ཟླ་༦པའི་ཚེས་༡ཉིན་དངོས་སུ་དབུ་བརྙེས་བ། སློབ་གྲྭ་འདི་ནི་ཀྲུའུ་བོན་ལེའེ་དང་ཏུན་ཞོའོ་ཕེན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་རྣམས་ཀྱི་མཛའ་བརྩེའི་ཐུགས་ཁུར་འོག་ཀྲུང་གོ་གསར་བ་དབུ་འཛུགས་སྔ་བའི་མི་རིགས་སློབ་གླིང་ཞིག་ཡིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བདག་གཉེར་བྱེད་ཀྱིན་ཡོད།

  སྤྱི་ལོ་༢༠༠༣ལོའི་ཟླ་༤བའི་ཚེས་༡༦ཉིན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭའི་མིང་ལྷོ་ནུབ་མི་རིགས་སློབ་གླིང་ནས་དངོས་སུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་བསྒྱུར། ལོ་དེའི་ཟླ་དགུ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་རྟགས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭ་འདི་འབུམ་རམས་པའི་སློབ་རྟགས་སྤྲོད་ཆོག་པའི་སློབ་གྲྭའི་གྲལ་ལ་བསྣན། ༢༠༠༣ལོར་སློབ་གསོ་པུའུ་ཡིས་བཀའ་བཅུ་བའི་སློབ་གསོ་བྱ་བའི་ཆུ་ཚད་བརྟག་དཔྱད་ཁྲོད་ཕུལ་བྱུང་གི་མཚན་སྙན་ཐོབ། སློབ་གྲྭ་འདི་ཚུགས་ནས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་མི་རིགས་ས་ཁུལ་ལ་ཕྱོགས་གང་ཐད་ཀྱི་ཤེས་ལྡན་མི་སྣ་༥༠༠༠༠ལྷག་བསྐྱེད་སྲིང་བྱས་བ། སློབ་གྲྭ་འདིས་མི་རིགས་ས་ཁུལ་ཀྱི་བཅིངས་འགྲོལ་དང་སྲིད་དབང་འཛུགས་སྐྲུན། རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས། མི་རིག ས་མཐུན་སྒྲིལ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ལ་བྱས་རྗེས་ཆེན་པོ་བཞག སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་མུའུ་༡༦༠༠ལྷག་ཡོད། སློབ་གྲྭ་འདི་ལ་སློབ་ཁུལ་གསུམ་ཡོད་དེ། སློབ་ཁུལ་རྙིང་པ་དང་སློབ་ཁུལ་གསར་པ། ཞི་བདེ་གླིང་སློབ་ཁུལ་བཅས་དང༌། གཞན་སློབ་གླིང་༡༨་ དང་ཚན་ཁག་༡་པུའུ་༢ཡོད། རིག་ཁག་སྣ་༩ཡོད་པ། བཀའ་བཅུ་བའི་ཆེད་ལས་༤༧ཡོད་པ། ལྷ་རམས་པའི་ས་ཚུགས་༢༨ཡོད་པ། ཆེད་ལས་སློབ་རྟགས་༢ འབུམ་རམས་པའི་ས་ཚུགས་༡བཅས་ཡོད། མིག་སྔར་སློབ་གྲྭ་འདིའི་སློབ་མའི་མི་གྲངས་༢ཁྲི་ལྷག་ལ་བུད་ཡོད་པ། དགེ་བཟོ་བ་༡༤༠༠ལྷག་ཡོད། སློབ་གྲྭ་འདི་ལ་ཚན་རིག་ཞིབ་འཇུག་ནུས་པ་ཆེན་པོ་ལྡན་ཏེ། སློབ་གྲྭར་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་དང་ནུབ་བརྒྱུད་གསར་སྤེལ་ཆེན་མོ་ཞིབ་འཇུག་སོའོ་དང་བཅས་བའི་ཞིབ་འཇུག་ལས་ཁུངས་༢༠ལྷག་ཡོད། ལྷག་པར་དུ་མི་རིགས་རིག་གནས་ཞིབ་འཇུགབོད་དང་ཡོས་རིགས་འཇང་རིགས་དང་མོའོ་རིགས་ཀྱི་ཞིབ་འཇུགདང་མི་རིགས་དེ་གའི་སྐད་ཡིག་བརྡ་འཕྲིན་ཞིབ་འཇུག་ཐད་རྒྱལ་ནང་གི་དེ་སྐོར་ཀྱི་རིག་གཞུང་ཞིབ་འཇུག་ཁྲོད་དུ་སྐད་གྲགས་ཆེན་པོ་ལྡན། དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་ལ་འགྲེམས་སྤེལ་བྱེད་པའི་རིག་གཞུང་དཔེ་དེབ་སྐོར་ལ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཡོད། དེ་མིན་སློབ་གྲྭ་ནང་ཁུལ་གྱི་དུས་དེབ་སྐོར་ལ་ཡོས་རིག་པ་ཞིབ་འཇུག་དང་བོད་རིག་པ་ཞིབ་འཇུག་བཅས་ཡོད། མི་རིགས་ལྔ་བཅུ་ལྷག་གི་དགེ་སློབ་རྣམས་འདྲ་མཉམ་སྒོས་མཐུན་སྒྲིལ་བཟང་བ་དང༌། ཕན་ཚུན་བར་ལ་བརྩི་བཀུར་ཆེ་བ། འདྲ་མཉམ་ངང་ཐུན་མོང་གི་འཕེལ་རྒྱས་ལ་འབད་པ། སློབ་གྲྭའི་ནང་མི་རིགས་སོ་སོའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་བརྩི་འཇོག་ཆེན་པོ་ཐོབ་ཡོད་པ། སློབ་གྲྭས་ད་ལྟབཅུ་གཅིག་ལྔའི་འཆར་འགོདསྒྲུབ་བཞིན་པའི་སྒང་ཡིན་ལ། མ་འོངས་བའི་དུས་ན་སློབ་གྲྭ་འདི་ཉིད་རྒྱ་ཁྱོན་ཚད་རེན་པ་དང་མ་ལག་ངེས་ཅན་ཡིན་པ། སྤྱི་ཚོགས་ལ་ཁ་ཕྱོགས་ཆེ་བ་དང་ཚན་ཁག་སྣ་མང་མཉམ་པོར་འཕེལ་རྒྱས་ཡོད་པ། སྤུས་ཚད་མཐོ་བ་དང་གྲུབ་འབྲས་མངོན་གསལ་ལྡན་པ། དེ་མིན་སྤྱི་ཚོགས་ཐོག་སྐད་གྲགས་ཆེ་བའི་དེང་རབས་ཅན་གྱི་མི་རིགས་སློབ་གྲྭ་ཆེན་མོ་ཞིག་ཏུ་འཛུགས་སྐྲུན་པར་བརྩོན་ལེན་བྱེད་ཀྱིན་ཡོད། བོད་རིག་པའི་ཞིབ་འཇུག་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ནི་ཐོག་མར་སྤྱི་ལོ་༡༩༥༢ལོར་དབུ་ཚུགས་ཤིང༌། ལོ་ངོ་ལྔ་བཅུའི་རིང་ལ་ཆེད་ལས་འདིས་མི་རིགས་ས་ཁུལ་ལ་བོད་ཀྱི་སྐད་ཡིག་དང་རྩོམ་རིག བོད་རྒྱ་སྐད་གཉིས་ཕྱོགས་ཀྱི་མཐོ་རིམ་ཆེད་ལས་མཁས་བ་གང་མང་གསོ་སྐྱོང་བྱས་བ་དང་དེའི་ཁྲོད་ཀྱི་མི་སྣ་ཁ་ཤས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་མིང་གྲགས་ཅན་དུ་ཆགས་ཡོད། བོད་རིག་པའི་སློབ་གླིང་འདི་ད་ལྟ་འཕེལ་རྒྱས་ཆེན་པོར་སོང་སྟེ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་སློབ་མ་གསོ་སྐྱོང་བྱེད་པ་དེ་གཙོ་བོར་བཟུང་བ་དང་གཞན་ཆེད་ལས་སློབ་མའི་སློབ་གསོ་དང་ཞིབ་འཇུག་སློབ་མའི་སློབ་གསོ། ཕྱི་རྒྱལ་སློབ་མའི་སློབ་གསོ།མི་ཆེན་སློབ་གསོ། ཡུན་ཐུང་སྦྱོང་བ་སློབ་གསོ། མཉམ་འབྲེལ་སློབ་སྒྲུབ་བྱེད་པ་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་སློབ་སྒྲུབ་བྱེད་པའི་སྡེ་ཁག་ཅིག་ཡིན། མིག་སྔར་བོད་རིག་པའི་སློབ་གླིང་ནང་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས། དེ་མིན་བོད་རྒྱ་སྐད་གཉིས་ཆེད་ལས། བོད་རྒྱ་སྐད་གཉིས་ཀྱི་གློག་ཀླད་ཆ་འཕྲིན་ལྟེ་གནས། བོད་རྒྱ་དབྱིན་སྐད་གསུམ་གྱི་གནས་སྐོར་ཆེད་ལས། བོད་རྒྱ་སྐད་གཉིས་སློབ་ཁྲིད་ལྟེ་གནས་བ


འབྲེལ་ཡོད་འོས་སྦྱོར།