logo

གུང་ཧོའི་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་བྱས་ཚར་ནས་བེད་སྤྱོད་བྱེད་མགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-10-26 ཀློག་གྲངས།:
        ཉེ་སྔོན། གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་བྱས་ཚར་ནས་བེད་སྤྱོད་བྱེད་འགོ་བརྩམས། གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་ནི་མཁར་བྱང་ཁུལ་གསར་དུ་ཡོད་པ་དང་། 2020ལོའི་ཟླ8པར་འཛུགས་སྐྲུན་བྱེད་མགོ་བརྩམས་ལ། ད་ལོའི་ཟླ8པར་འཛུགས་སྐྲུན་བྱས་ཚར་བ་དང་ཉེ་སྔོན་བཀོད་སྤྱོད་བྱེད་འགོ་བརྩམས་ཡོད། སློབ་གྲྭའི་རྒྱ་ཁྱོན་ལ་སྤྱི་ཆིངས་དྲུག་གྲངས་ཆུང་དགུ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཉིས་དང་སྟོང་བདུན་བརྒྱ་དང་ཞེ་གཉིས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གསུམ་བཏང་ཡོད་ལ། དེ་ནི་ཅང་སུའུ་ཞིང་ཆེན་གྱིས་རོགས་འཛུགས་བྱས་པའི་བཅའ་སྡོད་ལམ་ལུགས་ཀྱི་མཐོ་འབྲིང་སློབ་གྲྭ་ཞིག་ཡིན།
        གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་ནི་མཚོ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་དང་གུང་ཧོ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་འགོ་རྩོམ་ས་མཐོན་པོ་དང་ཚད་གཞི་མཐོན་པོས་འཛུགས་སྐྲུན་བྱས་པའི་དེང་རབས་ཅན་གྱི་བཅའ་སྡོད་ལམ་ལུགས་ཀྱི་མཐོ་འབྲིང་ཞིག་ཡིན། གུང་ཧོ་རྫོང་སློབ་གསོ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་གཡང་འབུམ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། གུང་ཧོ་རྫོང་དུ་ས་ཁུལ་མང་པོའི་སློབ་མ་ཡོད་དེ། མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་སློབ་མ་ལས་གཞན་ད་རུང་མགོ་ལོག་ཁུལ་དང་མཚོ་ནུབ་ཁུལ། མཚོ་བྱང་ཁུལ། ཡུས་ཧྲུའུ་གྲོང་ཁྱེར། དཔའ་ལུང་རྫོང་། ཞོན་ཧྭ་རྫོང་སོགས་ས་ཁུལ་ནས་ཡོང་བའི་སློབ་མ་ཡོད། གུང་ཧོ་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་རྨང་གཞི་བཟང་མོད། འོན་ཀྱང་མཐོ་འབྲིང་གི་སློབ་གསོ་ཅུང་རྗེས་ལུས་ཡིན་པས། མི་འདང་ས་ཁ་གསབ་བྱེད་ཆེད་མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་གིས་གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་ལག་བསྟར་བཟང་བོ་བྱས་ཏེ་སློབ་གསོའི་སྟོབས་ལྡན་རྫོང་གི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།
        གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་མཱ་ཝུན་ཁྲིན་གྱིས་མཚམས་སྦྱོར་བྱས་དོན། སློར་གྲྭར་ཚད་གཞི་ཅན་གྱི་དངོས་ལུགས་རྫས་འགྱུར་ཚོད་ལྟ་ཁང་དང་བྱེད་ནུས་ཚང་བའི་སྒྲ་ལེན་སློབ་ཁང་། དཔེ་མཛོད་ཁང་། གློག་རྡུལ་ལྟ་ཀློག་ཁང་སོགས་དང་། དེ་མིན་ཞབས་བྲོ་འཁྲབ་སྦྱོང་སློབ་ཁང་དང་མཛེས་རྩལ་གསོ་སྦྱོང་སློབ་ཁང་། ཡིག་གཟུགས་ཁང་སོགས་སྒྲིག་ཆས་ཆ་ཚང་ཡོད། དགེ་རྒན་གྱི་དཔུང་སྡེ་ཧ་ཅང་འཛོམས་པོ་ཡིན་པ་དང་། སློབ་གྲྭ་ཡོངས་ལ་དགེ་བཟོ་བ་ང་གསུམ་ཡོད། དེའི་ནང་འབུམ་རམས་པ་གསུམ་དང་རབ་འབྱམས་ཞིབ་འཇུག་སློབ་མ་ཉེར་གཅིག་ཡོད།
འབྲེལ་ཡོད་འོས་སྦྱོར།