བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་དང་པོའི་དཔེ་ཀློག་དུས་ཆེན་བསུས།
རྩོམ་པ་པོ།:དཀོན་མཆོག་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-04-25
ཀློག་གྲངས།:
དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།།
བརྟེན་ཕྱིར་གཞུང་ཚིག་བློ་སྐྱོར་མི་བྱེད་པར།།
དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།།
ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས།།
དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།། དེ་ཡང་ཇི་སྐད་དུ་རྫ་དཔལ་སྤྲུལ་རིན་པོ་ཆེས"དཔེ་འདི་སྟེགས་ལ་མ་འཇོག་རུམ་དུ་ལོངས།། ནམ་ཁོམ་རུམ་ནས་ཕྱུངས་ཏེ་ཡང་ཡང་ཀློགས།། ཀློག་དོན་སེམས་ནས་མ་བརྗེད་ལག་ཏུ་ལོངས།། དེ་ལས་ཡ་རབས་འདི་ཕྱིའི་བདེ་སྐྱིད་འབྱུང་།།"ཞེས་གསུངས་པ་བཞིན་དུ། དཔེ་ཆ་ཀློག་པ་ནི་སྲོལ་བཟང་པོ་ཞིག་སྟེ། དཔེ་ཀློག་གིས་ང་ཚོའི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་པར་གཏོང་བ་དང་། རིག་གནས་ཤེས་བྱ་ཁོང་དུ་ཆུད་པ། འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལེགས་པོ་ཞིག་ཆགས་པ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པར་མ་ཟད། དཔེ་ཀློག་གིས་མི་བུ་ཞིག་གི་འཚོ་བར་བདེ་སྐྱིད་དང་སྤྲོ་སྣང་སྦྱིན་ལ། མི་ཚེའི་ཁ་ཕྱོགས་ཀྱི་གདམ་ཀར་ལམ་སྟོན་དང་སྤོབས་པ་སྦྱིན་པར་བྱེད་པའི་དགོས་འབྱུང་གི་ནོར་བུ་ལྟ་བུ་ཡིན་པས། ཤེས་བྱ་རིག་པའི་གནས་ལ་སྐོམ་པས་འཇུག་བཞིན་པའི་སློབ་གྲྭའི་སློབ་མ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་བཅུག་སྟེ་སློབ་སྦྱོང་གི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། རང་གི་མི་ཚེ་གོལ་ལམ་དུ་མ་སོང་བར་འབྱུང་འགྱུར་གྱི་ཕུགས་བསམ་མངོན་འགྱུར་བྱ་ཐུབ་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གྲྭའི་སློབ་གསོའི་འོས་འགན་དང་ལམ་ཕྱོགས་གཙོ་བོ་ཡིན། དེ་བས། བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་སློབ་ཁྲིད་དོ་དམ་རུ་ཁག་གི་གཅིག་གྱུར་གྱི་བཀོད་སྒྲིག་འོག་ཏུ། སྤྱི་ཟླ4བའི་ཚེས23ཉིན་སྟེ། འཛམ་གླིང་གི་དཔེ་ཀློག་ཉིན་མོར། སློབ་གྲྭའི་དགེ་སློབ2500ལྷག་ཀུན་སློབ་ཚོགས་ཁང་གི་ཐང་ཆེན་དུ་ལྷན་དུ་འཛོམས་ནས་འཛམ་གླིང་གི་སྐབས་བཅུ་གསུམ་པའི་དཔེ་ཀློག་ཉིན་མོ་དང་སློབ་གྲྭའི་སྐབས་དང་པོའི་དཔེ་ཀློག་ཉིན་མོ་གཟབ་རྒྱས་ངང་བསུས། ཚོགས་ཐོག་ཏུ་སློབ་གཙོ་རིག་འཛིན་རྡོ་རྗེས་དཔེ་ཀློག་ཉིན་མོ་བསུ་བའི་བྱ་འགུལ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། སློབ་གཙོ་གཞོན་པ་ཕག་མོ་ཚེ་རིང་གིས་ཆུང་འབྲིང་སློབ་མའི་དཔེ་ཀློག་དམིགས་འབེན་དང་གཏན་འབེབ་ཐད་ཀྱི་གསུང་བཤད་གལ་ཆེན་གནང་། དེའི་རྗེས་བོད་ཡིག་སྡེ་ཁག་གི་དགེ་རྒན་ཤ་བོ་དོན་གྲུབ་ཀྱིས་དབུ་ཁྲིད་ནས་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གི་གསུང་རྩོམ《བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》ཀློག་ཁྲིད་མཛད་པ་མ་ཟད། ད་དུང་དགེ་རྒན་གྱི་འཐུས་ཚབ་མི་སྣ་འགས་དཔེ་ཀློག་གི་གལ་ཆེན་རང་བཞིན་དང་དགེ་མཚན། ང་ཚོས་ཇི་ལྟར་དཔེ་ཀློག་བྱེད་པའི་ཐད་ནས་གཏམ་བཤད་གནང་ལ། སློབ་མའི་འཐུས་ཚབ་མི་སྣ་དག་གིས་ཀྱང་རང་རང་གི་དཔེ་ཀློག་བྱས་པའི་མྱོང་ཚོར་དང་དཔེ་ཀློག་གི་རིན་ཐང་སྐོར་གྱི་གཏམ་བཤད་བྱས་ལ་རང་ཉིད་ཀྱིས་བལྟས་མྱོང་བའི་དཔེ་ཆ་སློབ་གྲོགས་ཕན་ཚུན་བར་ངོ་སྤྲོད་དང་བརྗེས་ཀློག་བྱས་ནས་བྱ་འགུལ་རྒྱལ་ཁའི་ངང་ནས་མཇུག་བསྡུས། ཐེངས་འདིའི་དཔེ་ཀློག་བྱ་འགུལ་སྤེལ་བ་བརྒྱུད་ནས། སློབ་རའི་སློབ་སྦྱོང་གི་བྲེལ་ཟིང་གི་འཚོ་བར་སྤྲོ་སྣང་དོད་པར་བྱས་ཤིང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་ལས་བརྟན་པར་གྱུར་བ་མ་ཟད། དཔེ་ཀློག་ལ་མོས་ཤིང་དཔེ་ཀློག་ལ་དགའ་བའི་འདུན་པ་དེ་སྔར་ལས་ཤུགས་ཇེ་དྲག་དང་གཏིང་ཇེ་ཟབ་ཏུ་གྱུར།
དཔེ་ཆ་ཀློག་པ་ནི་སྟོབས་འབྱོར་ཞིག་མིན་ནའང་། དེ་ནི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ཡིན། དཔེ་ཆ་ཀློག་པ་ནི་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་ནའང་། དཔེ་ཀློག་པའི་ནང་སེམས་ནི་ངོ་མཚར་བའི་ཕུན་ཚོགས་ཀྱིས་རབ་ཏུ་ཕྱུག་ཡོད། དཔེ་ཆ་ཀློག་པ་ནི་ཚེ་སྲོག་གཞན་ཞིག་ལ་སེམས་དང་སེམས་ཀྱིས་བགྲོ་གླེང་བྱེད་པ་སྟེ། དཔེ་ཆའི་ཤོག་སྲུབས་རེ་རེ་ན་འཇིག་རྟེན་གཞན་ཞིག་གི་སྒོ་གླེགས་འབྱེད་བྱེད་ཀྱི་ལྡེ་མིག་རུམ་ཡོད།

འབྲེལ་ཡོད་འོས་སྦྱོར།