ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་བོད་རྒྱ་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
སྤྱི་ཟླ12པའི་ཚེས15ཉིན་གྱི་ཕྱི་དྲོ། ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་ཁྲིད་དོ་དམ་ཁང་གིས་ སློབ་གྲྭའི་དགེ་རྒན་ཡོངས་ལ་ཁ་ཕྱོགས་ཏེ་བོད་རྒྱ་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།
བྱ་འགུལ་སྟེང་བོད་ཡིག་དང་རྒྱ་ཡིག་གི་ཡིག་གཟུགས་འབྲི་བར་མོས་འདུན་ཡོད་པའི་དགེ་རྒན་དག་གནས་གཅིག་ཏུ་འཛོམས་ཏེ་ཡུལ་དངོས་ནས་དུས་ཚོད་གཅིག་ལྷག་ལ་བྲིས་པ་དང་།ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་གྱི་བྱ་དགའི་ཨང་རིམ་ལ་འདྲ་མཉམ་དང་དྲང་བདེན་ཡོང་ཆེད། ཐོག་མར་རང་སློབ་གྲྭའི་དགེ་རྒན་དུ་མས། ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་གྱི་བརྩམས་ཆོས་ལས་ཡིག་གཟུགས་ལེགས་ཤོས་དག་ལོགས་སུ་བདམས་ཐོན་བྱུང་རྗེས། བདམས་ཐོན་བྱུང་བའི་ཡིག་གཟུགས་བརྩམས་ཆོས་དེ་དག་ཕྱོགས་སོ་སོའི་ཡིག་གཟུགས་ཆེད་མཁས་དུ་མས་དྲ་ལམ་བརྒྱུད་ནས་དཔྱད་འདེམས་བྱས་མཐར། དགེ་རྒན་གུ་རུ་སྐྱབས་ཀྱི་ཡིག་གཟུགས་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། དགེ་རྒན་བསོད་ནམས་ཀུན་བཟང་དང་། དགེ་རྒན་སྒྲོལ་མ་རྒྱལ་གཉིས་ཀྱི་ཡིག་གཟུགས་ལ་ཨང་གཉིས་པའི་བྱ་དགའ་ཐོབ་ཅིང་། དགེ་རྒན་སྐལ་བཟང་དོན་འགྲུབ་དང་དགེ་རྒན་ཚེ་རིང་འབུམ་གཉིས་ཀྱི་ཡིག་གཟུགས་ལ་ཨང་གསུམ་པའི་བྱ་དགའ་ཐོབ།
རྒྱ་ཡིག་ཡིག་གཟུགས་འགྲན་སྡུར་གྱི་བྱ་དགའི་ཨང་རིམ་ནི། དགེ་རྒན་རིག་འཛིན་འབུམ་གྱི་ཡིག་གཟུགས་ལ་ཨང་དང་པོ་དང་། དགེ་རྒན་སྐལ་བཟང་དོན་འགྲུབ་དང་དགེ་རྒན་རྡོ་རྗེ་ཚེ་རིང་གཉིས་ཀྱི་ཡིག་གཟུགས་ལ་ཨང་གཉིས་པའི་བྱ་དགའ་ཐོབ་ཅིང་། དགེ་རྒན་ཚེ་རིང་འབུམ་དང་། དགེ་རྒན་རིན་ཆེན་མཁའ་འགྲོ། དགེ་རྒན་ལེ་ཡང་གསུམ་ལ་ཨང་གསུམ་པའི་བྱ་དགའ་ཐོབ།