logo

མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་བདུན་པའི་བི་ཤྭ་ཀརྨ་བུམ་པའི་རི་མོ་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:འབྲོང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-12 ཀློག་གྲངས།:


མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་བདུན་པའི་བི་ཤྭ་ཀརྨ་བུམ་པའི་རི་མོ་འགྲན་བསྡུར་སྤེལ་བ།

     2016ལོའི་ཟླ1པོའི་ཚེས11ཉིན། མང་རྫོང་མི་རིགས་སློབ་འབྲིང་གིས་་སྐབས་བདུན་པའི་བི་ཤྭ་ཀརྨ་བུམ་པའི་རི་མོ་འགྲན་བསྡུར་སྤེལ་བ་རེད། ཐེངས་འདིའི་རི་མོ་འགྲན་བསྡུར་ནི་མང་རྫོང་མི་རིགས་སློབ་འབྲིང་གི་ཞིང་སྡེ་གཞོན་ནུ་ཕོ་བྲང་གིས་རྩ་འཛུགས་བྱས་པ་དང་།  མང་རྫོང་ཙོང་ལ་བཟོ་ཚོང་ཚད་ཡོད་འགན་ལེན་ཀུང་ཟིའི་སྤྱི་གཉེར་བ་སྒྲོལ་མ་སྐྱབས་ཀྱིས་མ་ཡུམ་སློབ་གྲྭའི་གསོ་སྐྱོང་ལ་དྲིན་གཟོ་དང་མ་ཡུམ་སློབ་གྲྭ་སློབ་གསོའི་བྱ་བར་རྒྱབ་སྐྱོར་གྱི་ཚུལ་གྱིས་མ་དངུལ་བཏང་ནས་བསྡུས་པ་ཞིག་ཡིན།


མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་བདུན་པའི་བི་ཤྭ་ཀརྨ་བུམ་པའི་རི་མོ་འགྲན་བསྡུར་སྤེལ་བ།

     སྤྱིར་སློབ་མ་ཞིག་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་ཡོང་དགོས་ན། སློབ་དེབ་སྟེང་གི་ཤེས་བྱ་ལྟ་བུའི་རིག་གནས་ཆིག་རྐྱང་བ་ཞིག་གིས་གོ་མི་ཆོག་པར། དེ་ལ་བསམ་བློའི་ཀུན་སྤྱོད་དང་ལུས་རྩལ་སྦྱོང་བརྡར།  སྒྱུ་རྩལ་ལག་ལེན་ལ་སོགས་པ་ཕྱོགས་མང་པོ་ཞིག་ལ་འབྲེལ་བ་དམ་པོར་ཡོད་པ་རེད།  དེ་བས་མང་རྫོང་མི་རིགས་སློབ་འབྲིང་གིས་དུས་དང་རྣམ་པ་ཀུན་དུ་རྩལ་སྦྱོང་དང་རོལ་མོ། ཡིག་གཟུགས་དང་རི་མོ་ལ་སོགས་པའི་བསླབ་བྱ་ཕལ་བའང་ཤུགས་བསྣན་པར་མ་ཟད།  ད་དུང་ཞིང་སྡེའི་གཞོན་ནུ་ཕོ་བྲང་བཙུགས་ནས་དགའ་ཕྱོགས་སྐྱེད་སྲིང་འཛིན་གྲྭ་མང་པོ་སྒྲུབ་ཡོད་ལ།  དེ་བཞིན་དུ་རི་མོ་དང་ཡིག་གཟུགས།  རྩོམ་ཡིག་ལ་སོགས་པའི་འགྲན་བསྡུར་སྣ་ཚོགས་སྤེལ་ནས་སློབ་མའི་དགའ་ཕྱོགས་ཡར་སྐུལ་དང་འབྲི་རྩལ་མཐོར་འདེགས་ལ་ནུས་ཤུགས་བླ་མེད་བཏོན་པ་རེད།


སློབ་མས་རི་མོ་འབྲི་བཞིན་པ།


སློབ་མས་རི་མོ་འབྲི་བཞིན་པ།

     ཐེངས་འདིའི་འགྲན་བསྡུར་སྟེང་དུ། མང་རྫོང་མི་རིགས་སློབ་འབྲིང་གི་སློབ་ཕྲུག1300ལྷག་གི་ནང་ནས་རི་མོའི་སྒྱུ་རྩལ་གྱི་དགའ་ཕྱོགས་ཡོད་པ་དང་རི་མོ་འབྲི་རྩལ་གྱི་འཇོན་ཐང་ལྡན་པའི་སློབ་ཕྲུག130ལྷག་ལ་བི་ཤྭ་ཀརྨའི་རི་མོའི་བྱ་དགའ་ཐོབ། འགྲན་བསྡུར་འདི་ནི་མང་རྫོང་མི་རིགས་སློབ་འབྲིང་གི་ལོ་རྒྱུས་སྟེང་འགྲན་ཞུགས་པ་ཆེས་མང་ཞིང་བྱ་དགའ་ཐོབ་མཁན་ཆེས་མང་བ། བྱ་དགའི་མ་དངུལ་ཆེས་མཐོ་བའི་བྱ་དགའ་ཞིག་ཡིན་པ་རེད།

 མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་བདུན་པའི་བི་ཤྭ་ཀརྨ་བུམ་པའི་རི་མོ་འགྲན་བསྡུར་སྤེལ་བ།
བྱ་དགའ་ཐོབ་མཁན་གྱི་སློབ་མ།

     གཞན་ཡང་བྱ་འགུལ་འདི་དང་འདི་ལྟ་བུ་ལ་གོང་རིམ་འགོ་ཁྲིད་ཀྱི་ཐུགས་ཁུར་དང་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་དཔེར་ན།  ཐེངས་འདིའི་འགྲན་བསྡུར་འདིའི་བྱ་དགའི་མ་དངུལ་ཁྱོན་བསྡོམས་མི་དམངས་ཤོག་སྒོར3000ལྷག་གཏོང་མཁན་གྱི་སྦྱིན་བདག་སྒྲོལ་མ་སྐྱབས་ལྟ་བུ་རེད། ཁོས་སྤྱི་ཚོགས་སྟེང་འདི་དང་འདི་ལྟ་བུའི་བྱ་འགུལ་མང་པོ་སྤེལ་མྱོང་བ་མ་ཟད། ཀུན་གྱིས་གདེང་འཇོག་ཀྱང་ཚད་མཐོན་པོ་ཐོབ་ཡོད་པ་རེད།  དེ་བཞིན་དུ་སྤྱིན་བདག་ཁོང་གི་འཕྲིན་ལས་དང་བསོད་ནམས་རྒྱས་པའི་སྨོན་འདུན་ཞུས་པ་ཡིན།


འབྲེལ་ཡོད་འོས་སྦྱོར།