རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་ཚོགས་སྐབས་དང་པོ་བསྡུས་པ།
རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་ཚོགས་སྐབས་དང་པོ་བསྡུས་པ།
རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་ཚོགས་སྐབས་དང་པོ་བསྡུས་པ།
སྤྱི་ཟླ12པའི་ཚེས5ཉིན། རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་རྟགས་གསལ་འགྲན་ཚོགས་སྐབས་དང་པོ་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས་ཤིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་ཀྲུང་ཧྲན་སློབ་ཆེན། ཀོས་ཀྲིག་སློབ་ཆེན། ཡཱན་ཧྲན་སློབ་ཆེན་སོགས་ཀྱི་ཆེད་ལས་མི་སྣ་དང་མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ཁྱབ་ཁོངས་ཀྱི་མིང་གྲགས་དགེ་བཤེས་སོགས་ཚོགས་འདུར་ཞུགས་ཏེ་ཁྲིད་སྟོན་གནང་བ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། སི་ཁྲོན་མི་རིགས་སློབ་གླིང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། རྔ་བ་མི་རིགས་དགེ་འོས་སློབ་གླིང་སོགས་མཐོ་རིམ་སློབ་ཆེན10ཡི་དགེ་སློབ་འཐུས་ཚབ་པ་དང་། མཐོ་རིམ་སློབ་ཆེན་སོ་སོའི་ཆེད་ལས་རང་བཞིན་གྱི་སྣེ་ཁྲིད་དགེ་རྒན1། འགྲན་ཞུགས་སློབ་མ3། རབ་འབྱམས་ཞིབ་འཇུག་སློབ་མའི་འབྲེལ་ཡོད་ཆེད་ལས་དང་འགྲན་ཞུགས་ཀྱི་སློབ་ཆེན་སོ་སོའི་འགྲན་ཞུགས་རབ་འབྱམས་ཞིབ་འཇུག་སློབ་མ3བཅས་ཞུགས་པ་ཡིན།
ཐེངས་འདིའི་རྟགས་གསལ་འགྲན་ཚོགས་ཀྱི་རྨང་གཞིའི་སྟེང་། རྩོམ་རིག་དང་ལོ་རྒྱུས། བརྡ་སྤྲོད། སྙན་ངག་རིག་པ། ས་རྒྱུས། སྐྱེ་དངོས་སོགས་རིག་ཚན་ཤེས་བྱ་བརྗོད་བྱར་བཟུང་སྟེ། རྟགས་གསལ་གཏོང་ཐབས་སྤྱད་དེ་འགྲན་བསྡུར་བྱས་པར་བརྒྱུད། མཐོ་རིམ་སློབ་ཆེན་གྱི་རྟགས་གསལ་གཏོང་ཐབས་དང་རྣམ་པ་གསར་བ་ངོམ།
རྟགས་གསལ་འགྲན་བསྡུར་ལ་རབ་འབྱམས་ཞིབ་འཇུག་སློབ་མའི་རུ་ཁག་དང་། དངོས་གཞི་དང་ཆེད་སྦྱོང་རུ་ཁག་བྱས་ནས་བགོས་ཡོད་ལ། དེ་མིན་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་མཐོ་འབྲིང་སློབ་མའི་འགྲན་བསྡུར་ལ་གཟིགས་པ་ཡིན།
མཐར། ཐེངས་འདིའི་འགྲན་བསྡུར་དུ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་བོད་རིག་པའི་སློབ་གླིང་གི་ཚད་མ་རིག་པའི་ཆེད་ལས་དགེ་རྒན་འཇམ་དཔལ་རྒྱལ་གྱིས་རྩ་འཛུགས་དང་སྣེ་ཁྲིད་པའི་སློབ་མ་སྐལ་ལྡན་རྒྱལ་དང་རྡོ་རྗེ་རིན་ཆེན་གཉིས་ལ་སོ་སོར་དངོས་གཞིའི་རུ་ཁག་གི་བྱ་དགའ་ཨང་དང་པོ་དང་རྟིང་སྐུལ་བྱ་དགའ་ཐོབ་པ་རེད།