ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དྲུག་གཅིག་བྱིས་པའི་དུས་ཆེན་བསུས་པ།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དྲུག་གཅིག་བྱིས་པའི་དུས་ཆེན་བསུས།
འཛིན་གྲྭའི་ཕུལ་བྱུང་ལས་བྱེད།
ཕུལ་བྱུང་གསུམ་བཟང་སློབ་མ།
ཕུལ་བྱུང་དགེ་རྒན།
ཕུལ་བྱུང་ཁྱིམ་བདག
དྲུག་གཅིག་བྱིས་པའི་དུས་ཆེན་ལ་སླེབས་པ་དང་བསྟུན་ནས། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་བྱ་འགུལ་དེ་སློབ་གྲྭའི་རྩལ་སྦྱོང་ར་བ་ནས་སྤེལ།
དེ་ཡང་འགྲོས་ཉམས་པའི་རོལ་དབྱངས་དང་ལྷན་དུ་འཛིན་གྲྭ་སོ་སོ་རུ་ཁག་རེ་རེར་བགར་ཏེ་སློབ་གྲྭའི་ལུས་རྩལ་ར་བར་འཛོམས་པ་དང་། དེ་ནས་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གཏམ་བཤད་སྤེལ་རྗེས་སུ། ན་ཆུང་རྡུང་ལེན་རུ་མི་ཁག་ཅག་གིས་དེར་ཕེབས་ཀྱི་འགོ་ཁྲིད་དག་ལ་སྐེ་དཀྲིས་དམར་པོ་བཏགས་ནས་ཏང་དང་རྒྱལ་ཁབ་ལ་དགའ་བ་མཚོན་པར་བྱས་ལ། དུས་མཚུངས་སུ། ཕུལ་བྱུང་གསུམ་བཟང་སློབ་མ། འཛིན་གྲྭའི་ཕུལ་བྱུང་ལས་བྱེད། ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་ཁྱིམ་བདག་བཅས་ལ་བྱ་དགའ་གནང་།
དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་ལ་གླུ་དང་གླུ་དབྱངས། ཁ་ཤགས། རྡུང་ལེན། ཞབས་བྲོ་སོགས་ཡོད་ལ། དེ་ལས《དྲིན་འཇལ་གྱི་སེམས་པ》ཞེས་པའི་གླུ་དབྱངས་ལས་སློབ་མ་དག་གིས་ཕ་མ་དང་དགེ་རྒན་གྱི་དྲིན་ལན་འཇལ་བའི་སེམས་པ་མཚོན་ལ། 《ཕ་ཡུལ་ལ་བསྟོད་པ》སོགས་ཞབས་བྲོ་གཙོ་བྱས་ཏེ་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཀྱིས་དེར་ཡོད་པའི་ལྟད་མོ་བ་དང་། ཁྱིམ་བདག་རྣམས་ཀྱི་བློ་ཡིད་ཚིམ་པར་བྱས།
ཐེངས་འདིའི་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་འདི་བརྒྱུད་ནས། སློབ་མ་དག་གིས་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་ལས་མཚོན་པའི་རང་སྟེང་གི་འཇོན་ནུས་གང་ཡོད་འདོན་སྤེལ་བྱས་པར་མ་ཟད། སློབ་རའི་ཁོར་ཡུག་ཀུན་ལ་རིག་གནས་སྒྱུ་རྩལ་གྱི་མཁའ་དབུགས་གསར་བ་ཞིག་ཆགས་ཤིང་། མ་འོངས་པར། ཁོ་ཚོ་འཚར་ལོངས་བྱུང་རྗེས་སུ་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་མི་སྣ་བཟང་བོ་ཞིག་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་།