མཚོ་སྔོན་དགེ་ཐོན་སློབ་ཆེན་ལོ་རྒྱུས་ཡིག་ཚང་རིག་པའི་མཐར་ཕྱིན་དམ་བཅའ་བསྡུས།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་གཞུང་སློབ་གླིང་གི་སྐབས་དང་པོའི་ལོ་རྒྱུས་ཡིག་ཚང་
རིག་པའི་ཞིབ་འཇུག་སློབ་མའི་རྩོད་རྒྱུགས་དམ་བཅའི་ཚོགས་འདུ་བསྡུས།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་གཞུང་སློབ་གླིང་གི་སྐབས་དང་པོའི་ལོ་རྒྱུས་ཡིག་ཚང་
རིག་པའི་ཞིབ་འཇུག་སློབ་མའི་རྩོད་རྒྱུགས་དམ་བཅའི་ཚོགས་འདུ་བསྡུས།
མཐར་ཕྱིན་སློབ་མ་གུ་རུ་རྡོ་རྗེ་ཡིས་མཐར་ཕྱིན་དཔྱད་རྩོམ《བོད་བཙན་པོའི་རྒྱལ་
རབས་ཀྱི་ཆབ་སྲིད་བསམ་བློ་ཞིབ་འཇུག》ཅེས་པ་སྒྲོག་འདོན་བྱས།
སྤྱི་ཟླ5བའི་ཚེས22ཉིིན་གྱི་སྔ་དྲོར། མཚོ་སྔོན་དགེ་ཐོན་སློབ་ཆེན་ལྷོ་གླིང་དར་མའི་སློབ་ཁྲིད་ཐོག་ཁང་གི་བཞི་ཐོག་རིག་གཞུང་སྙན་ཞུ་ཁང་ནས་མི་གཞུང་སློབ་གླིང་གི་སྐབས་དང་པོའི་ལོ་རྒྱུས་ཡིག་ཚང་རིག་པའི་མཐར་ཕྱིན་ཞིབ་འཇུག་སློབ་མའི་རྩོད་རྒྱུགས་དམ་བཅའི་ཚོགས་འདུ་བསྡུས།
ཐེངས་འདིར་མཐར་ཕྱིན་སློབ་མ་གུ་རུ་རྡོ་རྗེ(མེ་སོན)ཡིས་མཐར་ཕྱིན་དཔྱད་རྩོམ《བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་བསམ་བློ་ཞིབ་འཇུག》ཅེས་པ་སྒྲོག་འདོན་བྱས་པ་དང་། དེར་ཕེབས་ཀྱི་དཔྱད་འདེམས་ཆེད་མཁས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་དང་། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཆམ་ཚང་པདྨ་ལྷུན་འགྲུབ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅན་ཚ་བཀྲ་བྷོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེ་གཞོན་གུར་མགོན་སྐྱབས་བཅས་ཀྱིས་ཐེངས་འདིའི་དམ་བཅའ་བ་སློབ་བུ་གུ་རུ་རྡོ་རྗེ(མེ་སོན)ལ་དཔྱད་རྩོམ་གྱི་གནད་དོན་སྐོར་ལ་སོ་སོའི་བསམ་ཚུལ་བརྗོད་ཅིང་། གནད་འདྲིལ་བའི་དྲི་བ་བཏོན།
ཐེངས་འདིའི་མཐར་ཕྱིན་སློབ་མ་གུ་རུ་རྡོ་རྗེ(མེ་སོན)ཡིས་ཡུལ་དངོས་ནས་དྲིས་ལན་དག་ལ་རང་གི་བསམ་གཞིག་གི་བློ་སྟོབས་ཀྱིས་ལན་བརྒྱབ་པས། ཚོགས་ར་ཧྲིལ་བོ་འཁྲུག་ཆ་དོད་པོར་གྱུར་ཅིང་། ཆེད་མཁས་ལྔ་བོས་སློབ་གྲོགས་གུ་རུ་རྡོ་རྗེ་ཡི་དཔྱད་རྩོམ་དང་འབྲེལ་ནས་ཁོས་ངོ་ལོ་གསུམ་རིང་ལ་ལོ་རྒྱུས་ཡིག་ཚང་རིག་པའི་ཆེད་ལས་ཀྱི་ནུས་པ་ལ་གདན་ཐོབ་སྤྲད་ཅིང་། གསར་གཏོད་ཀྱིས་ཕྱུག་པའི་ཞིབ་འཇུག་གི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་མཛད་ལ། འབྱུང་འགྱུར་མུ་འཐུད་ནས་བརྗོད་གཞི་དེའི་ཐད་ལ་ཞིབ་འཇུག་བྱེད་པར་རེ་བ་བཏོན་པར་མ་ཟད། ཁོ་ལ་རྒྱལ་ཁའི་ངང་རབ་འབྱམས་ཞིབ་འཇུག་སློབ་མའི་ལོ་རྒྱུས་རིག་པའི་བསླབ་གནས་ཐོབ་པར་ཁྱབ་བསྒྲགས་བྱས།
རེབ་འདིའི་རྩོད་རྒྱུགས་ཚོགས་འདུ་ལ་ཞུགས་ཡོད་པའི་ཕྱོགས་ཡོངས་ཀྱི་མགྲོན་པོ་དང་སློབ་གྲོགས་དག་གིས་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས་མཛུབ་སྟོན་བྱེད་ཀྱིན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་རིག་པའི་ཆེད་ལས་འདིའི་དགེ་མཚན་མཐོང་ནས་ཁོང་དང་ཁོང་གི་སློབ་བུ་ཐོག་མ་སྟེ། དམ་བཅའ་བ་གུ་རུ་རྡོ་རྗེ(མེ་སོན)གཉིས་ལ་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུས་རྗེས་ཚོགས་འདུ་ཡོངས་སུ་འཇུག་རྫོགས།