དོར་ཞི་གདོང་དྲུག་སྙེམས་བློས་པེ་ཅིང་སློབ་ཆེན་དུ་རིག་གཞུང་སློབ་ཁྲིད་གནང་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-11
ཀློག་གྲངས།:
དོར་ཞི་གདོང་དྲུག་སྙེམས་བློས་པེ་ཅིང་སློབ་ཆེན་དུ་རིག་གཞུང་སློབ་ཁྲིད་གནང་བ།
ཟླ4བའི་ཚེས10ཉིན་གྱི་སྔ་དྲོའི་ཆུ་ཚོད10:00ཡི་སྟེང་། དོར་ཞི་གདོང་དྲུག་སྙེམས་བློས《བོད་བརྒྱུད་ནང་བསྟན་གྱི་དབུ་མའི་ལྟ་དགོངས》ཞེས་པའི་རིག་གཞུང་སློབ་ཁྲིད་དེ་པེ་ཅིང་སློབ་ཆེན་དུ་སྤེལ་བ་རེད།
སློབ་ཁྲིད་ལ་ཞུགས་པའི་དགེ་སློབ་རྣམས།
སློབ་ཁྲིད་ཀྱི་སྐབས་སུ། དོར་ཞིང་གདོང་དྲུག་སྙེམས་བློས་ནང་བསྟན་དབུ་མའི་ལྟ་དགོངས་ལས་སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་ལ་ཐོན་པའི་ནུས་པ་གླེང་དུས། ཁོང་གིས་འཆམ་མཐུན་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ནི་ཕྱི་ཚུལ་ནས་ཁྲིམས་ལུགས་འཛུགས་སྐྲུན་ལ་བརྟེན་དགོས་པ་དང་། ནང་སེམས་སུ་མི་རྣམས་ཀྱི་དད་མོས་དང་བློ་གྲོས་ལ་བརྟེན་དགོས་པར་གསུངས།
འབྲེལ་ཡོད་འོས་སྦྱོར།