མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ་བ།
མཚོ་ལྷོ་ཁུལ་སློབ་གསོ་ཅུའི་འབྲེལ་ཡོད་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ་བའི་བརྡ་སྦྱོར་གྱི་དགོངས་ཚུལ་ལག་བསྟར་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་སློབ་ཡོངས་ཀྱི་སྐད་དང་ཡི་གེ་ཚད་ལྡན་འདུ་ཤེས་དང་སྤྱི་སྐད་ཁྱབ་སྤེལ་བྱེད་པའི་འདུ་ཤེས་མུ་མཐུད་དུ་མཐོར་འདེགས། སློབ་རའི་སྐད་རིགས་ཁོར་ཡུག་ཇེ་ལེགས། སློབ་མ་རྣམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་ཀྱི་སྙིང་སྟོབས་སློབ་གསོ་བཅས་བྱེད་པར། ཟླ7པའི་ཚེས2ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་རེད།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ་བ།
འགྲན་བསྡུར་སྟེང་། སློབ་མ་རྣམས་ཀྱིས་བརྩེ་སེམས་ཡོད་རྒུས་ཉམས་འགྱུར་རབ་རུ་དོད་ཅིང་། 《ཀྲུང་གོའི་འདུན་མ》ཞེས་པའི་གྱེར་འདོན་ལས་འགྲན་བསྡུར་འདི་ཉིད་གཞི་ནས་ཡང་རྩེར་སྐྱེལ། འདིའི་ཁྲོད་མཐོ་གཉིས་འཛིན་བདུན་གྱི《མཚོ་སྔོན་པོ》ཞེས་པ་དང་། མཐོ་གཉིས་འཛིན་བརྒྱད་ཀྱི《ལང་ཚོ》། མཐོ་གཉིས་འཛིན་གཅིག་གི《ཀྲུང་གོའི་འདུན་མ》བཅས་སོ་སོར་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ།