logo

དགེ་རྒན་ཆེན་མོ་གཞོན་པ་འཇིགས་མེད་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-19 ཀློག་གྲངས།:

དགེ་རྒན་ཆེན་མོ་གཞོན་པ་འཇིགས་མེད་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།
འཆད་ཁྲིད་ཡུལ་དངོས།

        ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་གདན་འདྲེན་ཞུས་པ་ལྟར་ཀན་སུའུ་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་འཇིགས་མེད་རྒྱ་མཚོས་ནང་རིག་པས་ཡུལ་ཤེས་བྱ་ལ་དཔྱོད་ཚུལ་སྐོར་ཅུང་ཙམ་གླེང་བ་ཞེས་པའི་རིག་གཞུང་འཆད་ཁྲིད་གནང་ཞིང་། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་རྟ་མགྲིན་ཚེ་རིང་གིས་རིག་གཞུང་འཆད་ཁྲིད་ལ་མདོ་འཛིན་མཛད་པ་དང་། བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་དང་། དགེ་རྒན་ཆེན་མོ་གཞོན་པ་རྡོ་རྗེ་རིན་ཆེན། གུང་གཞོན་ཚོགས་པའི་དགེ་རྒན་ཕྱག་རྡོ་སྐྱབས། དེ་མིན་སློབ་མ200ལྷག་ཐེངས་འདིའི་འཆད་ཁྲིད་ལ་ཞུགས་པ་རེད།


འཆད་ཁྲིད་ཡུལ་དངོས།

        དགེ་རྒན་འཇིགས་མེད་རྒྱ་མཚོས་ཐོག་མར་ནང་བསྟན་གྱི་བྱུང་བ་སོགས་བརྗོད་པ་དང་བསྟུན་ནས། ཅུང་ཞིབ་ཕྲའི་ངང་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱའི་སྒྲིག་གཞི་དང་ནང་རིག་པས་ཡུལ་ཤེས་བྱ་ལ་དཔྱོད་ཚུལ་སྐོར་བརྗོད་དེ། འདིར་བཞུགས་དགེ་སློབ་རྣམས་ལ་བློ་སྦྱོང་དང་ངེས་ཤེས་ཟབ་མོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།