གླིང་གཙོ་འོ་ཚོགས་ཆེན་སོགས་སྐོར་དང་བཅས་པ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་གཟིགས་ཞིབ་ཏུ་བསྐྱོད་པ།
གླིང་གཙོ་འོ་ཚོགས་ཆེན་སོགས་སྐོར་དང་བཅས་པ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་གཟིགས་ཞིབ་ཏུ་བསྐྱོད་པ།
ཉེ་ལམ། མཚོ་སྔོན་བོད་རིགས་གསོ་རིག་སློབ་གླིང་གི་གླིང་གཙོའམ་མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་འོ་ཚོགས་ཆེན་དང་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་རྡོ་རྗེ་སོགས་སྐོར་དང་བཅས་པ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་གཟིགས་ཞིབ་ཏུ་བསྐྱོད་ཅིང་། སློབ་གཙོ་ཀྲོའོ་ཞིན་ཡུའུ་དང་སློབ་གཙོ་གཞོན་པ་ཝང་ཡུང་སོགས་ཀྱིས་སློབ་ཁུལ་རྙིང་བའི་མི་རིགས་བཤམས་སྟོན་ཁང་དུ་འོ་ཚོགས་ཆེན་སོགས་སྐོར་དང་བཅས་པར་མགྲོན་བསུ་ཞུས་པ་དང་། སློབ་གྲྭའི་གཞུང་སྒྲུབ་དང་བོད་རིག་པའི་སློབ་གླིང་། རྫས་འགྱུར་ཁོར་ཡུག་སློབ་གླིང་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས།
གླེང་མོལ་ཁྲོད། སློབ་གཙོ་ཀྲོའོ་ཞིན་ཡུའུ་ཡིས་ཁོ་ཚོ་སླེབས་པར་དགའ་བསུ་ཞུས་པ་མ་ཟད། སློབ་གྲྭ་དང་སློབ་གྲྭའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་སོགས་རེ་རེ་བཞིན་མཚམས་སྦྱོར་གནང་ཞིང་། དུས་རབས་གསར་བའི་ནང་སློབ་གྲྭས་སློབ་སྒྲུབ་ཀྱི་གྲུབ་འབྲས་དང་། ཐུན་མོང་མ་ཡིན་པ་དང་ཆུ་ཚད་མཐོ་བའི་སློབ་ཆེན་འཛུགས་སྐྲུན། སྒོས་སུ་སློབ་གྲྭའི་ལོ་དུ་མའི་རིང་གི་འཕེལ་རྒྱས་དང་འཐུས་ཚང་བརྒྱུད་ཅུང་ཆ་ཚང་བའི་མི་རིགས་གསོ་རིག་སློབ་གསོ་དང་ཚན་ཞིབ་མ་ལག་གྲུབ་ཅིང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གསོ་རིག་ཞིབ་འཇུག་དང་གསར་སྐྲུན་འཕེལ་རྒྱས་ཐད་སྲ་ཞིང་བརྟན་པའི་སྔོན་འགྲོའི་འགན་སྲུང་བྱས་ཡོད་པར་བརྗོད།
གླིང་གཙོ་འོ་ཚོགས་ཆེན་སོགས་སྐོར་དང་བཅས་པ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་གཟིགས་ཞིབ་ཏུ་བསྐྱོད་པ།
གླིང་གཙོ་འོ་ཚོགས་ཆེན་གྱིས་མཚོ་སྔོན་བོད་རིགས་གསོ་རིག་སློབ་གླིང་གི་སློབ་སྒྲུབ་གནས་ཚུལ་དང་། མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འཕེལ་རྒྱས་བསམ་ཕྱོགས། ད་ཐེངས་གཟིགས་ཞིབ་ཏུ་ཡོང་དོན་སོགས་ཀྱི་ཐད་ནས་ཞིབ་ཕྲའི་མཚམས་སྦྱོར་གནང་བ་མ་ཟད། རང་སྟེང་གི་ནུས་པ་འདོན་སྤེལ་གང་ལེགས་སྒོས་ཕྱོགས་གང་མང་ལ་མཉམ་འབྲེལ་བྱེད་པ་དང་། གོ་སྐབས་དམ་འཛིན་སྒོས་བོད་ཀྱི་གསོ་རིག་འཕེལ་རྒྱས་སུ་གཏོང་དགོས་ཚུལ་བསྟན། དེ་ནས་ཕྱོགས་གཉི་གས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན། དེ་མིན་བོད་ཀྱི་གསོ་རིག་ཇི་ལྟར་རྒྱུན་འཛིན་དང་སྔོག་འདོན། མྱུར་སྐྱོབ། སྲུང་སྐྱོབ་བཅས་བྱེད་དགོས་པའི་ཐད་ནས་གཏིང་ཟབ་པར་འབྲེལ་འདྲིས་བྱས་ཐོག ཕྱོགས་གཉི་གས་མ་འོངས་འཕེལ་རྒྱས་ཀྱི་ཁྲོད་དུ་རང་སོ་སོའི་ཁྱད་འཕགས་ནུས་པ་འདོན་སྤེལ་སྒོས་མུ་མཐུད་དུ་མཉམ་འབྲེལ་ལ་ཤུགས་སྣོན་དང་ཕན་ཚུན་འབྲེལ་འདྲིས་བྱས་ཏེ་མཉམ་དུ་འཕེལ་རྒྱས་བྱེད་དགོས་པའི་གཅིག་མཐུན་གྱི་འདོད་བློ་བསྟན།
གླེང་མོལ་མཇུག་སྒྲིལ་རྗེས། གླིང་གཙོ་འོ་ཚོགས་ཆེན་སོགས་སྐོར་དང་བཅས་པས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མི་རིགས་བཤམས་སྲོན་ཁང་དང་སློབ་གྲྭའི་སྨན་ཁང་སོགས་སུ་ཡུལ་དངོས་གཟིགས་ཞིབ་བྱས་པ་མ་ཟད། སྨན་པ་རྣམས་དང་འབྲེལ་འདྲིས་བྱས་པ་རེད།