logo

ཚད་འཇལ་ཤེས་བྱ་ཐོར་བུ།

རྩོམ་པ་པོ།:གཙང་སྨན་པའི་སྨན་ཡིག་ཕྱོགས་སྒྲི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-01 ཀློག་གྲངས།:
              ཚོན་དང་སོར་ཆག་སོགས་ཀྱི་གནས་ལུགས་སྟོན་པ་ལ།བསྟན་བཅོས་ཆེན་པོ་སོ་མ་རཱ་ཛཱ་ལས་གསུངས་པ་བཞིན་ཚད་ཀྱི་རིགས་ལ་ལྷག་ཆད་མེད་པ་ཤིན་ཏུ་གལ་ཆེ་བ་གཅེས།ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་བཞིན་སེམས་ལ་ཡང་དག་བཞག་ནས་ཚད་ལ་ཆེ་ཆུང་དང་ཡ་ཡོ་ཅུང་ཟད་ཙམ་ཡང་འཆོར་མི་ཉན། སོར་ཚོན་སོགས་ཀྱི་ཚད་ལ་གོང་མཁས་པའི་དབང་པོ་རྣམ་པ་ཚོས་ཕྱག་ལེན་ཅུང་ཟད་མི་འདྲ་བ་ཡོད་ན་ཡང་། རིང་ལུགས་བེེཌཱུརྱ་སྔོན་པོ་ཚད་དུ་བཟུང་བའི་ཆེ་ཆུང་གང་ཡིན་ཀྱང་རང་ཉིད་ཀྱི་ལག་པའི་མཐེ་བོང་ཚིགས་པར་ནས་སེན་མོའི་དྲེག་མཚམས་ཀྱི་བར་དེ་རང་ཚོན་གང་དུ་བཤད། ཚོན་དེའི་ཕྱེད་ལ་སོར་གང་བཤད་པ་ཡིན། སོར་ཕྱེད་ལ་ནི་ཕུན་དུ་འདོད་པ་ཡིན། སོར་བཞི་ལ་ཆག་གང་དང་སོར་ལྔ་ལ་འཁྱིད་དུ་འདོད་པ་ཡིན།སོར་དྲུག་མཛུབ་གང་དང་སོར་བཅུ་གཉིས་མཐོ་གང་དུ་འདོད་པ་ཡིན། མཐོ་དོ་ལ་རང་ཁྲུ་གང་དང་རང་ཁྲུ་བཞི་ལ་འདོམ་གང་དུ་འདོད་པ་ཡིན། ལུས་ཚད་ལྡན་རྣམས་ལ་འདི་བཞིན་ལྟར་འཁྲུལ་མེད་དུ་ཡོང་བ་ཡིན།


འབྲེལ་ཡོད་འོས་སྦྱོར།