logo

“མཛེས་སྡུག་ཀན་ལྷོ”ཞེས་པའི་སྙན་ངག་གྱེར་འདོན་ཚོགས་འདུ་དེ་ཀན་ལྷོ་གཙོས་གྲོང་ཁྱེར་དུ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-09 ཀློག་གྲངས།:

“མཛེས་སྡུག་ཀན་ལྷོ”ཞེས་པའི་སྙན་ངག་གྱེར་འདོན་ཚོགས་
“མཛེས་སྡུག་ཀན་ལྷོ”ཞེས་པའི་སྙན་ངག་གྱེར་འདོན་ཚོགས་
འདུ་དེ་ཀན་ལྷོ་གཙོས་གྲོང་ཁྱེར་དུ་སྤེལ་བ།

         ཟླ7པའི་ཚེས6ཉིན་གྱི་དགོང་མོ།  ཀན་ལྷོ་ཁུལ《སྐལ་བཟང་མེ་ཏོག》རྩོམ་སྒྲིག་ཁང་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་རྒྱའི་སྐད་ཡིག་སྡེ་ཁག་གཉིས་ཀྱིས་མཉམ་དུ་སྒྲུབ་པའི“མཛེས་སྡུག་ཀན་ལྷོ”ཞེས་པའི་སྙན་ངག་གྱེར་འདོན་དང་ཀན་ལྷོ་ལ་བསྟོད་པའི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་བྱ་དགའ་གནང་བའི་དགོང་ཚོགས་དེ་དུས་ལྟར་དུ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དཔེ་མཛོད་ཁང་སྙན་ཞུ་ཚོམས་ཆེན་དུ་སྤེལ། 
 

“མཛེས་སྡུག་ཀན་ལྷོ”ཞེས་པའི་སྙན་ངག་གྱེར་འདོན་ཚོགས་
“མཛེས་སྡུག་ཀན་ལྷོ”ཞེས་པའི་སྙན་ངག་གྱེར་འདོན་ཚོགས་
འདུ་དེ་ཀན་ལྷོ་གཙོས་གྲོང་ཁྱེར་དུ་སྤེལ་བ།

         འདི་ལྟ་བུའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཀན་ལྷོའི་རྩོམ་པ་པོ་དང་སྙན་ངག་པ་རྣམས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པར་ཡར་སྐུལ་དང་། རྩོམ་རིག་གི་མཚོན་ཐབས་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཀན་ལྷོའི་རིག་གནས་ལས་རིགས་འཕེལ་རྒྱས་ཆེན་པོ་བྱེད་པ་བཅས་ཀྱི་ཆེད་ཡིན། འགྲན་བསྡུར་ནི་ཀན་ལྷོ་ལ་བསྟོད་པ་བརྗོད་བྱར་བཟུང་སྟེ་ཀན་ལྷོ་ཁུལ་བཙུགས་ཚུན་གྱི་ལོ་རྒྱུས་དང་། འཕེལ་རྒྱས།  འགྱུར་ལྡོག་སོགས་མཚོན་པར་བྱས་ཏེ་ཀན་ལྷོའི་འཛུགས་སྐྲུན་ལས་རིགས་ཕྱོགས་སོ་སོའི་གྲུབ་འབྲས་ལ་བསྟོད་བསྔགས་བགྱིད་པ་ཞིག་ཡིན།
         འགྲན་བསྡུར་འདིར་ཟླ3པར་རྩོམ་རིག་བསྡུ་ལེན་བྱས་པ་ནས་བཟུང་བསྡོམས་པས་རྩོམ་རིག70ལྷག་ལག་འབྱོར་བྱུང་ཞིང་། འགྲན་བསྡུར་ལ་ཕྱོགས་རིས་མེད་པ་དང་། འདྲ་མཉམ། དྲང་བདེན་བཅས་ལྡན་པར་འགན་ལེན་བྱེད་ཆེད་ཀན་ལྷོའི་སྙན་ངག་པ་དང་དཔྱད་འཇོག་པ་མིང་གྲགས་ཅན་གདན་འདྲེན་ཞུས་ནས་གསང་མིང་སྒྲིག་ཨང་གི་རྩོམ་རིག་ལ་དཔྱད་འཇོག་གནང་སྟེ་ཨང་དང་པོ1དང་། ཨང་གཉིས་པ2།  ཨང་གསུམ་པ5། ཕུལ་བྱུང་བྱ་དགའ12བཅས་ཀྱི་འབྲས་བུ་བྱུང་།


འབྲེལ་ཡོད་འོས་སྦྱོར།