logo

འབུམ་རམས་པ་ངག་དབང་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-20 ཀློག་གྲངས།:

འབུམ་རམས་པ་ངག་དབང་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།
འབུམ་རམས་པ་ངག་དབང་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།

         ཟླ6པའི་ཚེས14ཉིན། ནུབ་བྱང་མི་རིགས་སློབ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་དང་བོད་སྐད་ཡིག་རིག་གནས་སློབ་གླིང་གཉིས་ཀྱིས་རྩ་འཛུགས་གནང་ཞིང་།  ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པའམ་འབུམ་རམས་པ་ངག་དབང་རྒྱ་མཚོས་འཆད་ཁྲིད་གནང་བའི“སངས་རྒྱས་ཆོས་ལུགས་དང་བོན་ཆོས་བར་གྱི་འབྲེལ་བ”ཞེས་པའི་རིག་གཞུང་སྙན་ཞུ་ཚོགས་འདུ་དེ་སློབ་གྲྭའི་ཕྱོགས་བསྡུས་ཐོག་ཁང་གི་སློབ་ཁང401ཏུ་སྤེལ།  ཐེངས་འདིའི་སྙན་ཞུ་ཚོགས་འདུ་ལ་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སྲིད་འཛིན་གླིང་གཙོ་གཞོན་པ་རྟ་མགྲིན་ཚེ་རིང་ལགས་ཀྱིས་མདོ་འཛིན་མཛད་པ་དང་། དགེ་རྒན་ཆེན་མོ་གཞོན་པ་རྡོ་རྗེ་རིན་ཆེན་དང་སློབ་མ200ལྷག་ཐེངས་འདིའི་སྙན་ཞུ་ཚོགས་འདུར་ཞུགས།

འབུམ་རམས་པ་ངག་དབང་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།
འབུམ་རམས་པ་ངག་དབང་རྒྱ་མཚོ།

         ཁོང་གིས་གཙོ་ཆེར་སངས་རྒྱས་ཆོས་ལུགས་དང་བོན་ཆོས་ཀྱི་འབྱུང་ཁུངས་དང་འཕེལ་རྒྱས། སྒོས་སུ་དེང་རབས་ཚན་རིག་ཞིབ་འཇུག་གི་བྱེད་ཐབས་ཀྱིས་སངས་རྒྱས་ཆོས་ལུགས་དང་བོན་ཆོས་ཀྱི་འཕེལ་རྒྱས་ཐད་འཆད་ཁྲིད་གནང་ཞིང་། དུས་ཡུན་ཆུ་ཚོད་གཉིས་ཀྱི་འཆད་ཁྲིད་རིམ་པར་བརྒྱུད་སློབ་མ་རྣམས་ཀྱིས་བོན་ཆོས་དང་སངས་རྒྱས་ཆོས་ལུགས་བར་གྱི་འབྲེལ་བ་དང་འཕེལ་རྒྱས་ཐད་སྔར་ལས་ལྷག་པར་རྒྱུས་ལོན་དང་།  བོན་ཆོས་ཀྱི་ཐད་ནས་གོ་བ་ཟབ་མོ་ཞིག་ལེན་ཐུབ་པ་བྱུང་།


འབྲེལ་ཡོད་འོས་སྦྱོར།