མགོ་ལོག་ཏུ་བོད་ཀྱི་ཚད་མའི་རྟག་རིགས་ཁྲིད་ཐབས་སུ་བསྒྱུར་བཞིན་པ།
འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ
བོད་རྒྱུད་ནང་བསྟན་ཚད་མའི་རྟག་རིགས་ཁྲིད་ཐབས་ཀྱི་གསར་འབྱེད་པ་ནི་ཕྱྭ་བ་ཆོས་ཀྱི་སེང་གེ་སྟེ་གསང་ཕུའི་མཁན་པོ་མཛད་མཁན་གྱི་ནང་ནས་དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས་པའི་བོད་ཀྱི་ནང་བསྟན་རིག་པ་བ་ཞིག་ཡིན།
མཐོ་སྒང་གི་སློབ་གྲྭ་ཞིག་ཏུ་ཚད་མའི་རྟག་རིགས་ཁྲིད་ཐབས་ནི་སློབ་མ་རྣམས་ཀྱིས་དགའ་བསུ་ཐོབ་བཞིན་པའི་སློབ་གསོའི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་སྟེ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ལྷ་རྒྱལ་གྲོང་རྡལ་གྱི་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་རུ་སློབ་མ་གཅིག་དང་གཅིག་གམ་ཡང་ན་དུ་མ་དང་དུ་མ་བྱས་ནས་བློ་དང་ཤེས་རིག་རྟག་སེལ་གཏོང་བའི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་གི་ཁ་དབུགས་ཤིག་བག་གིས་ཁེངས་ཡོད།
སློབ་གྲྭ་འདི་ནི་རྩྭ་ཐང་དུ་ཆགས་པའི་དམངས་སྒྲུབ་སྤྱི་བདེ་སློབ་གྲྭ་ཞིག་ཡིན་ཞིང་། ལོ18རིང་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། བོད་ལྗོངས་བཅས་སུ་སློབ་གྲྭར་ཚུད་མ་ཐུབ་པའི་སློབ་མ་དང་སློབ་སྦྱོང་གི་ལོ་དུས་བརྒལ་བའི་ན་གཞོན་པ་སོགས་བསྡུས་པ་མ་ཟད་སློབ་ཡོན་ཡོངས་སུ་སྤྲོད་མི་དགོས་པར་བྱས་ཏེ་ད་ལྟའི་བར་སློབ་མ683སློབ་མཐར་ཕྱིན་པ་དང་། དེ་ལས་སློབ་མ272སློབ་ཆེན་ལ་རྒྱུགས་འཕྲོད་ཐུབ་པ་བྱུང་།
ད་ལོའི་ཟླ9བའི་སློབ་འགོ་ཚུགས་པར་ད་དུང་ཟླ5ལྷག་ཡོད་ཅིང་། སློབ་གྲྭའི་མིང་ཐོ་འགོད་དེབ་ཏུ་མིང་ཐོ་བཀོད་ནས་བཀང་ཟིན་པ་དང་སློབ་མའི་གྲངས500ལ་བུད་འདུག སློབ་གྲྭའི་ཁྱབ་ཁོངས་སོགས་ཆ་རྐྱེན་ད་དུང་ཅུང་ཞན་པའི་དབང་གིས་ཐོ་བཀོད་རིམ་པ་ལྟར་རྒྱུགས་ལེན་པ་དང་ཕུལ་བྱུང་ལེགས་འདེམ་བྱས་ནས་སློབ་མ་བསྡུ་ལེན་བྱེད་ཅིང་ལེགས་འདེམས་བྱས་པའི་སློབ་མ་རྣམས་རྟག་ཏུ་སློབ་སྦྱོང་ལ་འབད་པ་ཆེན་པོས་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ལེན་པར་བཤད།
སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་ཚད་མའི་རྟག་རིགས་ཁྲིད་ཐབས་སྤྱད་དེ་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་རང་འགུལ་རང་བཞིན་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོབ་པ་དང་། མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད་དེ་སློབ་གྲྭ་གཞན་ལས་ཁྱད་དུ་འཕགས་ཤིང་། དེ་མིན་མཐར་ཕྱིན་འཛིན་གྲྭ་རེ་རེར་དཔྱད་རྩོམ་གཅེས་བསྡུས་ཤིག་ཡོད།
སློབ་གྲྭས《ཚད་མ་རིག་པ》དང་། 《བོད་ཀྱི་བརྡ་སྤྲོད》། 《དབྱིན་ཡིག་ལ་འཇུག་པའི་སྒོ》སོགས་བསླབ་དེབ18ལྷག་རྩོམ་སྒྲིག་མཛད་ཅིང་། དེའི་ཁྲོད་བསླབ་དེབ9སློབ་གྲྭ་གཞན་དག་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད།