logo

འཇར་མན་ཧུང་པོའོ་སློབ་ཆེན་གྱི་དཔལ་ལྡན་བཀྲ་ཤིས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཆད་ཁྲིད་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-31 ཀློག་གྲངས།:


འཇར་མན་ཧུང་པོའོ་སློབ་ཆེན་གྱི་ཞིབ་འཇུག་པ་དཔལ་ལྡན་བཀྲ་ཤིས་
ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།

          ཟླ3པའི་ཚེས26ཉིན་གྱི་ཕྱི་དྲོ། འཇར་མན་ཧུང་པོའོ་སློབ་ཆེན(སྔར་མིང་ལ་པེར་ལིན་སློབ་ཆེན)གྱི་ཞིབ་འཇུག་པ་དཔལ་ལྡན་བཀྲ་ཤིས་ཀྱིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ《བོད་ཀྱི་བརྡ་སྤྲོད་གསལ་སྟོན》ཞེས་པའི་རིག་གཞུང་འཆད་ཁྲིད་བྱས་ཤིང་།  བོད་རིག་པའི་གླིང་གི་དགེ་སློབ150ལྷག་གིས་ཐེངས་འདིའི་འཆད་ཁྲིད་ལ་ཉན་པ་རེད།
          སྐུ་ཞབས་དཔལ་ལྡན་བཀྲ་ཤིས་ཀྱིས་དབྱིན་སྐད་དང་འཇར་མན་སྐད་ཀྱི་བརྡ་སྤྲོད་ཟུར་བཀོལ་དང་། དེང་རབས་དབྱིན་ཡིག་བརྡ་སྤྲོད་ཀྱི་ཁོངས་རྟོལ་ཏེ་བོད་ཀྱི་བརྡ་སྤྲོད་ལ་དབྱེ་ཞིབ་བྱས་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་གཞུང་ལུགས་ཁྲོད་གཏན་ནས་འབྲེལ་མེད་པའི་བརྡ་སྤྲོད་ཀྱི་མཚན་ཉིད་གསལ་བཤད་གནང་།


འཆད་ཁྲིད་ཡུལ་དངོས།

          ཁོས་འཇར་མན་དུ་བོད་ཡིག་འཆད་ཁྲིད་ཀྱི་བྱ་བ་སྒྲུབ་པའི་ལོ་བཅུ་ཁའི་ནང་།  ཁྲིད་ཡུལ་ནི་ཕ་སྐད་བོད་ཡིག་ཡིན་པའི་སློབ་མ་མིན་པས། སློབ་མ་རྣམས་རྒྱུས་ཡོད་པའི་རྒྱལ་ཁབ་གཞན་པའི་མི་རིགས་ཀྱི་བརྡ་སྤྲོད་མཚན་ཉིད་དང་བརྡ་ཆད་ཐབས་ཤེས་སྤྱད་དེ་སློབ་ཁྲིད་བྱེད་དགོས་པ་བྱུང་།  དུས་ཡུན་རིང་བོའི་སློབ་ཁྲིད་ཀྱི་གོ་རིམ་ཁྲོད། འཇར་མན་སྐད་དང་། དབྱིན་སྐད། བོད་སྐད་བཅས་སྐད་རིགས་གསུམ་གྱི་བརྡ་སྤྲོད་མཚན་ཉིད་དང་ཚིག་སྦྱོར་སྡེབ་སྟངས་ཐད་གཅིག་མཚུངས་ཀྱི་ཆ་དུ་མ་ལྡན་པའི་ཁར།  དབྱིན་སྐད་དང་འཇར་མན་སྐད་ཀྱི་བརྡ་སྤྲོད་དབྱེ་ཞིབ་བྱ་ཐབས་དང་བརྡ་སྤྲོད་ཀྱི་ཐུན་མོང་རང་བཞིན་ལས་བོད་ཀྱི་བརྡ་སྤྲོད་གསལ་སྟོན་བྱེད་ཅིང་།  ཡང་དེ་ལས་ལྡོག་སྟེ་བོད་ཀྱི་བརྡ་སྤྲོད་ཆོས་ཉིད་དང་སྒྲིག་གཞི་ལས་དབྱིན་ཡིག་དང་འཇར་མན་གྱི་བརྡ་སྤྲོད་དང་གཅིག་མཐུན་གྱི་ཆ་ལ་ཞིབ་འཇུག་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།