logo

ནུབ་བྱང་མི་རིགས་སློབ་ཆེན2008ལོའི་དངོས་གཞི་སློབ་མའི་དཔྱད་རྩོམ་ཁ་བྱང་འདེམ་པའི་སྙན་ཞུ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-26 ཀློག་གྲངས།:


ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གི2008ལོའི་དངོས་
གཞི་སློབ་མའི་དཔྱད་རྩོམ་ཁ་བྱང་འདེམ་པའི་སྙན་ཞུ་ཚོགས་འདུ། 

          ཟླ12བའི་ཚེས23ཉིན།   ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གི2008ལོའི་དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ་གྱི་ཁ་བྱང་འདེམ་པའི་སྙན་ཞུ་ཚོགས་འདུ་དེ་སློབ་ཁུལ་གསར་བའི་སྤྱི་ཚོགས་ཚན་རིག་ཁང་བརྩེགས་ཀྱི་ཐོག་ཁང་བཞི་བ་རུ་སྤེལ་ཞིང་།  དཔྱད་འདེམ་ཞིབ་བཤེར་དགེ་རྒན་ནི་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གི་རྒན་ཆེན་མོ་རྡོ་རྗེ་རིན་ཆེན་དང་བཀྲ་ཤིས་ཚེ་རིང་།  དགེ་འདུན་བསམ་གཏན།  དེ་མིན་གཞན་དགེ་རྒན་བཅུ་ལྷག་གིས་གྲུབ་པ་དང་།  སློབ་མ་བརྒྱ་ལྷག་ཐེངས་འདིའི་ཚོགས་ཐོག་ལ་ཞུགས་པ་རེད།  


ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གི2008ལོའི་དངོས་
གཞི་སློབ་མའི་དཔྱད་རྩོམ་ཁ་བྱང་འདེམ་པའི་སྙན་ཞུ་ཚོགས་འདུ། 

          དེ་ཡང་དཔྱད་རྩོམ་ཁ་བྱང་ལྟར་ཁག་བཞི་རུ་དབྱེ་ཞིང་།  ཁག་རེ་རེར་དགེ་རྒན5དང་སློབ་མ30ཡིན་ལ།  སློབ་མ་རེ་རེས་རང་གི་དཔྱད་རྩོམ་གྱི་ཞིབ་འཇུག་གནས་ཚུལ་དང་།  ཁ་བྱང་དེ་འདེམ་པའི་དམིགས་ཡུལ་དང་དགོས་པ།  བརྗོད་དོན་གཙོ་བོ།  དཔྱད་གཞིའི་ཡིག་ཆ།  དཔྱད་རྩོམ་གྱི་སྒྲིག་གཞི་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱེད་ཅིང་།  དཔྱད་འདེམ་ཞིབ་བཤེར་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ཀྱི་མཚམས་སྦྱོར་ལ་གསན་རྗེས་སློབ་མའི་དཔྱད་རྩོམ་ལ་དཔྱད་འཇོག་གནང་བ་དང་ལྟོས་བཅས་ཀྱི་བསམ་འཆར་ལེགས་པོ་བརྗོད་པ་རེད། 
          མཐར་དཔྱད་འདེམ་ཞིབ་བཤེར་ཚོ་ཆུང་གིས་གྲོས་ཞིབ་བྱས་རྗེས་གཅིག་མཐུན་གྱིས་ལྟ་སྟངས་བྱུང་བ་སྟེ།  སློབ་མ་ཚོའི་དཔྱད་རྩོམ་ཁ་བྱང་སྙན་ཞུའི་ནང་དོན་གསར་བ་ཡིན་པ་དང་དཔྱད་རྩོམ་གྱི་སྒྲིག་གཞི་རྣམ་པ་སོགས་ལུགས་དང་མཐུན་པས་སློབ་མ་ཚོས་རང་ཉིད་ཀྱི་དཔྱད་རྩོམ་ཁ་བྱང་དེ་བདམས་ཏེ་སྤྱོད་ཆོག་པར་བརྗོད། 


འབྲེལ་ཡོད་འོས་སྦྱོར།