logo

ནུབ་བྱང་མི་རིགས་སློབ་ཆེན་དུ་གཟའ་ཉི་མའི་དཔེ་ཀློག་བྱེད་སྒོ་ཐེངས་བཞི་བ་སྤེལ་པ།

རྩོམ་པ་པོ།:ཨ་དགའ། ཡོང་ཁུངས།:མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། དུས་ཚོད།:2011-10-12 ཀློག་གྲངས།:


དཔེ་ཀློག་བྱེད་སྒོའི་ཡུལ་དངོས་རྣམ་པ།

         གསེར་མདོག་གི་ལོ་ལེགས་སྨིན་པའི་དུས་ཚིགས་འདིར། ལང་ཚོའི་འོད་ཟེར་ཤེས་རིག་གི་དགའ་ཚལ་ལ་འཕྲོས་པའི་སློབ་ཆེན་འདིར། ན་གཞོན་བུ་མོ་ཚོའི་བློ་སྤོབས་དང་ལྷག་བསམ་གྱིས་གཟའ་ཉི་མའི་དཔེ་ཀློག་ཅེས་པའི་བྱེད་སྒོ་འདི་ཡང་བསྐྱར་སྤེལ་པས། སློབ་ཆེན་འདིའི་ཁོར་ཡུག་ཏུ་ཕུན་སུམ་ཚོགས་པའི་དཔེ་ཀློག་དང་འདུ་འཛི་ལྡན་པའི་མི་ཚོགས་ཀྱིས་བརྒྱན་ཏེ་སློབ་རའི་ནང་རིག་གནས་ཀྱི་མཁའ་དབུགས་ཤིག་ངང་གིས་གྲུབ་འདུག


དཔེ་ཀློག་བྱེད་པའི་ངང་ཚུལ། 

         ཁོ་མོ་ཚོས“དཔེ་ཆ་ལྟ་ཀློག  བསམ་བློ་བརྗེ་རེས། དཔེ་དེབ་མངག་ཉོ”ཞེས་པའི་བྱེད་སྒོའི་རྩ་དོན་གཞིར་བཟུང་ཐོག    གྲོང་ཁྱེར་འདི་ན་བོད་ཡིག་གི་དཔེ་ཆ་ཉོ་རྒྱུ་མེད་སྟབས། སློབ་ཆེན་པ་ཚོའི་དཔེ་ཀློག་གི་འདུན་པ་དང་དགོས་མཁོ་བསྐོང་ཆེད། ཉེ་ལམ་བུ་མོ་ཚོས་མ་སྐུལ་དང་བླངས་སྒོས་སློབ་རའི་ནང་དཔེ་ཆ་སྣ་ཚོགས་བཀྲམས་ཏེ་མི་རིགས་སོ་སོར་ལྟ་ཀློག་དང་ཉོ་རུ་བཅུག་པས་དགེ་སློབ་མང་བོའི་དགའ་བསུ་ཐོབ་པ་མ་ཟད། དགེ་རྒན་རྣམ་པའི་མཛུབ་སྟོན་དང་རྒྱབ་སྐྱོར་ཐོབ་པར་བརྟེན། བུ་མོ་ཚོའི་སེམས་ཤུགས་དང་སྤོབས་པ་སྔར་ལས་རྒྱས་ཏེ། རྗེས་སུ་བྱེད་སྒོ་འདི་མུ་མཐུད་དུ་སྤེལ་རྒྱུའི་སྙིང་སྟོབས་ལྡན་ཡོད།


འབྲེལ་ཡོད་འོས་སྦྱོར།