འཕེལ་རྒྱས་འགྲོ་བཞིན་པའི་བདེ་ཆེན་རྫོང་གི་ཀུན་ཕན་བོད་ཡིག་སློབ་གྲྭ།
ཀུན་ཕན་བོད་ཡིག་སློབ་གྲྭའི་སློབ་མས་བོད་ཀྱི་ཞབས་བྲོ་འཁྲབ་བཞིན་པ།
མཐོ་ཚད་ལ་མཚོ་ངོས་ལས་སྨིས3300ལྷག་ཡོད་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཀུན་ཕན་བོད་ཡིག་སློབ་གྲྭ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བདེ་ཆེན་རྫོང་ཧྲིན་ཕེན་གྲོང་རྡལ་ཅུའུ་ཧྲིའུ་སྡེ་བའི་སློབ་གྲྭ་འགྲོ་མ་མྱོང་བའི་བོད་རིགས་ཞིང་བ་ཨ་ཉིག་གིས་རང་ཚང་གི་རྒྱུ་ནོར་ཡོད་ཚད་ཕྱི་འཚོང་བྱས་ནས་བཙུགས་པའི་སློབ་གྲྭ་རེད། ད་ལྟ་ལས་རིགས་སོ་སོའི་མི་སྣས་རྒྱབ་སྐྱོར་དང་རོགས་འདེགས་བྱས་འོག་གཞུང་གཉེར་སློབ་གྲྭ་ཤིག་ཏུ་གྱུར།
ཟླ3པའི་ཚེས10ཉིན། ཧྲང་ཧེ་གྲོང་ཁྱེར་ནས་ཐོན་པའི་དགེ་རྒན་དང་བླངས་བ་
ཁྲུག་ཕུན་གྱིས་སློབ་མ་རྣམས་དང་བསྨ་བློ་རྗེས་རེས་བྱེད་བཞིན་ཡོད།
མིག་སྔར་སློབ་གྲྭ་འདི་རུ་དགེ་རྒན་བཅུ་ཡོད་པ་དང་།
དེའི་ནང་དགེ་རྒན་དང་བླངས་བ་གསུམ་ཡོད།
ཀུན་ཕན་བོད་ཡིག་སློབ་གྲྭ་འདི་རུ་ད་བར་སློབ་མ51ཡོད་ལ། མང་ཆེ་བ་བོད་རིགས་སློབ་མ་རེད། སློབ་གྲྭ་འདིས་ཡོད་ཚད་རིན་མི་དགོས་པ་དང་བཅའ་སྡོད་ལམ་ལུགས་ཀྱི་རྣམ་པ་སྤྱད་དེ་ས་དེའི་ཁྱིམ་ཚང་དབུལ་བོ་དང་དབང་བོ་སྐྱོན་ཅན་གྱི་སློབ་མར་སློབ་གསོ་མྱོང་དུ་འཇུག་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སློབ་ཁྲིད་བྱེད་བཞིན་པ་མ་ཟད། ད་རུང་མི་རིགས་ལག་ཤེས་གསོ་སྐྱོང་གི་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ། འདུས་སྡོད་སློབ་གསོ་ཡི་རྣམ་པ་སྤྱད་དེ་རང་ས་གནས་ཀྱི་རིག་གནས་དར་སྤེལ་བྱེད་པ་འབད་བརྩོན་བྱེད་བཞིན་ཡོད།