logo

བོད་ཡིག་གི་ད་ལྟའི་གནས་བབ་ཙམ་གླེང་བ།

རྩོམ་པ་པོ།:བང་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-11-14 ཀློག་གྲངས།:

   ནང་དོན་གནད་བསྡུས། སྔོན་ཐོན་མི་རིགས་ཀྱི་སྐད་དང་ཡི་གེའི་ལེགས་ཆ་མཚོལ་སྡུད་དང་རང་ཅག་གི་སྐད་ཡིག་ཁྲོད་ཀྱི་ཞན་ཆ་འདོར་ལེན་བྱས་ཏེ་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱ་དགོས།

   བརྡ་ཆད་གཙོ་བོ། བོད་ཀྱི་སྐད་ཡིག  འཕེལ་རིམ་དང་ནུས་པ།  ད་ལྟའི་གནས་བབ།

   ༄༅།། ཇི་སྐད་དུ། སྤྱོད་འཇུག་ལས་སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད་ཅེས་གསུངས་པ་ལྟར་སྔོན་ཆད་སྤེལ་མྱོང་ལ་ད་ལྟའང་སྤེལ་བཞིན་ཡོད་པའི་བོད་ཀྱི་སྐད་ཡིག་དང་བོད་ཀྱི་སྤྱི་སྐད་སྐོར་གྱི་རྩོམ་ཡིག་སྣ་ཚོགས་ཤིག་ཡོད་པ་གཞིར་བྱས་ཏེ། ཕྲན་གྱིས་ཀྱང་དེའི་སྐོར་གྱི་གཏམ་གླེང་ཉུང་བསྡུས་ཙམ་སྤྲོ་བ་ལ།

   གཅིག མཁས་པའི་གསུང་དང་འབྲེལ་བོད་ཀྱི་སྐད་ཡིག་གི་འཕེལ་རིམ་དང་ནུས་པ་བརྗོད་པ།

   དེ་ཡང་སློབ་དཔོན་དམུ་དགེ་བསམ་གཏན་མཆོག་གིས་བོད་ཀྱི་ཡི་གེ་དང་སྐད་ཀྱང་དུས་སྐབས་རིང་བོ་ཞིག་གི་ནང་དུ་ཆགས་པ་དང༌། དར་བ། རྒྱས་པ། ཞུན་བདར་ཆོད་པ་བྱས་ནས་བྱུང་བ་ཡིན་ཞེས་གསུངས་པ་བཞིན་སྤྱིར་མི་རིགས་གང་དང་གང་ཞིག་ཡིན་རུང་མི་རིགས་རང་རང་ལ་དབང་བའི་སྐད་དང་ཡི་གེ་རེ་ཡོད་ལ། དེ་ནི་ཕལ་ཆེར་བསྐལ་བ་ཡ་ཐོག་གི་ཐོན་སྐྱེད་ངལ་རྩོལ་དང་ཁོར་ཡུག་བསྒྱུར་བཀོད་ཀྱི་འཕེལ་རིམ་ཁྲོད་བྱུང་ཞིང༌། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བཀོད་སྤྱོད་དང་དར་སྤེལ་གྱི་ཁྱབ་ཁོངས་ཆེ་རུ་སོང་བ་མ་ཟད། མིའི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད། འདུ་ཤེས་ཀྱི་འཛིན་སྟངས། འཚོ་བའི་དཔལ་འབྱོར་དང༌། རིག་གནས་ཀྱི་འཕེལ་རིམ། དེ་མིན་ད་དུང་ཆབ་སྲིད་དང་དམག་དོན་ལ་སོགས་པའི་དར་རྒུད་ཀྱི་བྱ་བཞག་སྣ་ཚོགས་ནི་མི་རིགས་གང་དེའི་སྐད་དང་ཡི་གེ་ལ་བརྟེན་ནས་བྱུང་བ་ཡིན་ཏེ་མཁས་དབང་དུང་དཀར་རིན་པོ་ཆེའི་ཞལ་ནས་ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང༌། ཡི་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད་ཅེས་གསུངས་པ་ནང་བཞིན་མི་རིགས་གང་ཞིག་ཡིན་རུང་མི་རིགས་དེའི་སྐད་དང་ཡི་གེ་ནི་མི་རིགས་དེའི་རིག་གནས་དང་དཔལ་འབྱོར། ཚན་རིག་སོགས་སྤྱི་ཚོགས་ཉམས་རྒུད་ཀྱི་གཞི་རྩ་དང་འཕེལ་རྒྱས་ཀྱི་འབྱུང་རྐྱེན་ཡིན་ཞེས་བཤད་ཆོག་པ་རེད། དེར་བརྟེན་བོད་ཀྱི་སྐད་དང་ཡི་གེའང་སྔོན་ཐོན་གྱི་མི་རིགས་གཞན་དང་འདྲ་བར་རང་གི་རིག་གཞུང་དང་སྤྱི་ཚོགས་དར་སྤེལ་གྱི་སྲོག་རྩ་ལྟ་བུར་གྱུར་ཡོད་ལ་རིག་གཞུང་དང་སྤྱི་ཚོགས་ཉམས་རྒུད་དུ་འགྲོ་བའི་གཞི་མར་ཡང་འགྱུར་སྲིད་དེ། སི་ཏ་ལིན་གྱིས་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། མི་རིགས་དེའི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་དུ་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་སྲིད་ཅེས་གསུངས་པ་ལས་རྟོགས་ནུས་དགོས་པ་མ་ཟད། ང་ཚོར་ཡང་དེ་ལས་བསམ་གཞིགས་ཆེན་པོ་ཞིག་ཡོད་པ་ངེས་པར་རྟོགས་དགོས་སོ་སྙམ་མོ།།

   གཉིས་པ། ད་ལྟའི་བོད་ཡིག་གི་གནས་བབ།

   མི་རིགས་རང་གི་སྐད་ཡིག་ནི་རང་ཉིད་གཞི་གྲུབ་དང་འཚོ་སྡོད། འཕེལ་རྒྱས་བཅས་འབྱུང་བའི་གཞི་རྩ་ཡིན་པས་དེ་ལ་མཐོང་ཆེན་མ་བྱས་ན་རང་ཉིད་ཉམས་རྒུད་དང་ཐ་ན་རྩ་མེད་དུ་འགྱུར་འགྲོ་བས་བདེན་ལུགས་དེ་མ་རྟོགས་པར་གཤམ་གྱི་གནས་ཚུལ་འདི་དག་འབྱུང་བཞིན་ཡོད་དེ།

   གཅིག་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དོན་ཐོག་ཏུ་འཁྱོལ་མེད་སྟབས་དཔལ་འབྱོར་དང་ཚན་རྩལ་ཤེས་བྱ། ཁྲོམ་རའི་བརྡ་འཕྲིན་སྣ་ཚོགས་ཀྱི་མ་ལག་ཆ་ཚང་མིན་པར་བརྟེན། མིང་ཚིག་དང་ཐ་སྙད་གསར་བའི་སྐོར་དུས་ཐོག་ཡིག་བསྒྱུར་བྱེད་དཀའ་བ། བསྒྱུར་ཀྱང་བསྒྱུར་སྟངས་ཐ་དད་དུ་སྣང་བས་ཀློག་མཁན་ལ་རྙོག་དྲ་ཆེན་པོ་བཟོ་བ།

   གཉིས་ནས་བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ལ་མཚོན་ན་སྲིད་གཞུང་དང་སློབ་གྲྭ། དངུལ་ཁང༌། སྦྲག་ཁང༌། འགྲིམ་འགྲུལ་འཕྲོད་བསྟེན་སོགས་སྡེ་ཁག་སྣ་ཚོགས་ཀྱིས་རྒྱུན་ཏུ་བཀོལ་སྤྱོད་བྱེད་པའི་ཡི་གེ་ནི་རྒྱ་ཡིག་དང་སྐད་ཆའང་རྒྱ་སྐད་ཡིན་པས་བོད་རིགས་མང་ཚོགས་ལ་མཚོན་ན་མིག་སྔར་དཀའ་ངལ་སྣ་མང་ལ་ཐུག་པ་སྨོས་མ་དགོས། དེའི་ཕྱིར་ཁོ་ཚོས་ཀྱང་བོད་ཡིག་གཅིག་པུ་དང་བོད་སྐད་ཀྱིས་ས་རྒྱ་མི་ཆོད་སྙམ་ནས་སློབ་གྲྭ་ཁག་ཏུའང་བོད་ཡིག་སྦྱོང་བའི་བརྩོན་སེམས་ཉམས་པ། ཁྱིམ་ཚང་གི་ཕ་མ་སྐོར་ཞིག་གིས་ཀྱང་རང་གི་བུ་བུ་མོར་རྒྱ་ཡིག་ཤ་སྟག་བསླབ་ཏུ་བཅུག་སྟེ་བོད་སྐད་དང་བོད་ཡིག་འབྲུ་གཅིག་ཀྱང་མི་ཤེས་རུང་ངོ་མི་གནོང་ཞིང་གཞན་སྐད་ལ་མཐོང་ཆེན་བྱེད་པའི་ཨུ་ཚུགས་ཀྱི་སྣང་ཚུལ་འདི་ལྟ་བུ་བྱུང་བ་རེད།

   གསུམ་ནས་གོང་གི་གནས་ཚུལ་དེ་དང་བསྟུ


འབྲེལ་ཡོད་འོས་སྦྱོར།