logo

བོད་སྐད་ཡིག་སྤྱོད་པར་ཤུགས་བསྣན་ན་བོད་མི་རིགས་ཐུན་མོང་གི་རྒྱུ་སྤུས་ཇེ་ལེགས་སུ་འགྲོ་བར་ཕན། (དང་པོ)

རྩོམ་པ་པོ།:གཡང་དྲུང་རྒྱལ་མཚན་དང་རྡོ་ཚེ་བར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ ། དུས་ཚོད།:2008-10-28 ཀློག་གྲངས།:

  མི་རིགས་གང་གི་སྐད་ཡིག་ཡིན་རུང་མི་རིགས་དེའི་བྱུང་འཕེལ་དང་མཉམ་དུ་བྱུང་ཞིང་འཕེལ་བ་རེད།   དེ་མཚུངས་སུ་མི་རིགས་སོ་སོ་ཐུན་མོང་པའི་ཁྱད་ཆོས་གྲུབ་ཅིང་དར་རྒྱས་སུ་འགྲོ་བར་གཞན་དང་མི་མཚུངས་པའི་འཁོས་ཀ་ཐོན་ཡོད་པ་རེད།   དེང་དུས་ཀྱི་བོད་ཡིག་བོད་སྐད་ཀྱིས་ཀྱང་རང་རིགས་ཐུན་མོང་གི་རྒྱུ་སྤུས་ཇེ་ལེགས་དང་།   བོད་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་བར་སྔར་བཞིན་ལོ་རྒྱུས་རང་བཞིན་ལྡན་པའི་ནུས་པ་འདོན་བཞིན་ཡོད།

དང་པོ།

  བོད་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཐུན་མོང་མ་ཡིནཔའི་སྲོལ་རྒྱུན་རིག་གནས་ཅན་གྱི་མི་རིགས་ཤིག་ཡིན།   ལས་ལ་བརྩོན་ཞིང་གཞུང་དྲང་བའི་རང་རིགས་མི་རབས་སྔོན་མ་རྣམས་ཀྱིས་རང་གི་བློ་གྲོས་ཀྱི་རྩལ་ལས་བསྐྲུན་པའི་བོད་སྐད་ནི་ཆགས་ཡུན་རིང་ཞིང་ཐ་སྙད་ཕུན་སུམ་ཚོསག་ལ་ཉམས་འགྱུར་ལྡན་པ།   སྙམ་ཞིང་འཇེབས་ལ་ཚད་ལྡན་ཅན་གྱི་སྐད་ཆའི་རིགས་ཤིག་ཡིན།   སྐད་བརྡ་རིག་པ་བ་ཚོས་བོད་སྐད་དེ་རྒྱ་བོད་སྐད་རྒྱུད་དང་བོད་འབར་སྐད་ཚོགས་ཀྱི་ཡན་ལག་ཏུ་བཀར་ཡོད་པ་རེད།   མིག་སྔར་ཀྲུང་གོའི་མངའ་ཁོངས་སུ་བོད་སྐད་སྤྱོད་བཞིན་པའི་མི་གྲངས་ཕལ་ཆེར་ས་ཡ་བཞི་ལྷག་ཡོད་པ་དང་།   མདོ་དབུས་ཁམས་གསུམ་ཞེས་ཡུལ་སྐད་མི་འདྲ་བ་ཆེན་པོ་གསུམ་དུ་གྱེས།   དེ་ལས་རྒྱ་ཡིག་དང་ཡང་ན་མི་རིགས་གཞན་པའི་སྐད་དེ་རང་གི་སྐད་རིགས་གཉིས་པ་བྱས་ནས་སྤྱོད་བཞིན་པའི་མིས་འབུམ་བཞི་ཡས་མས་ཟིན།   རྒྱལ་ནང་དུ་བོད་ལྗོངས་དང་མཚོ་སྔོན།  ཟི་ཁྲོན།  ཀན་སུའུ།   ཡུན་ནན་ལ་སོགས་པའི་ཞིང་ལྗོངས་འགར་གནས་ཤིང་།   ཕལ་ཆེ་བ་འདུས་སྡོད་ཡིན་པའི་མི་རིགས་རང་སྐྱོང་ས་ཁུལ་དུ་འཚོ་བཞིན་ཡོད།   ས་ཁུལ་འདི་དག་ཏུ་བོད་སྐད་ནི་སྤྱི་སྤྱོད་ཀྱི་སྐད་རིགས་ཡིན།   དེ་ནི་འབྲེལ་འདྲེས་ཀྱི་ཡོ་བྱད་ཙམ་དུ་ཟད།   མི་རིགས་རང་སྐྱོང་གི་དབང་ཆ་ལག་བསྟར་བྱེད་པའི་ཡོ་བྱད་ཀྱང་ཡིན།   བོད་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་དུས་སྐབས་ཧྲིལ་བོའི་ནང་།   ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་སྣ་ཚོགས་ལག་ལེན་མཐའ་འཁྱོལ་བར་བྱེད་པ་དང་།   དེང་རབས་ཀྱི་རིག་གནས་དང་དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་འཕྲིན་གསར་སློབ་སྦྱོང་དང་ཁྱབ་སྤེལ་བྱེད་པར་ཡང་བོད་ཀྱི་སྐད་ཡིག་ལ་འབྲལ་ཐབས་མེད་པ་རེད།   ཕྱི་རྒྱལ་དུ་རྒྱ་གར་དང་བལ་བོ།   འབྲུག་ཡུལ།   འབྲས་ལྗོངས་བཅས་རྒྱལ་ཁབ་དང་ས་གནས་སུའང་བོད་རིགས་ཁྱབ་འདུག་པ་རེད།

  རང་སྐད་རྩ་བ་ནས་ཉམས་པའམ་ཡང་ན་ཕལ་ཆེར་ཉམས་པའི་བོད་མི་ཚོའི་གནས་ཚུལ་ནི་ཅུང་རྙོག་འཛིང་རེད།   དེ་དག་ལས་ལ་ལ་ལོ་རྒྱུས་སྟེང་མི་རིགས་གཉའ་གནོན་ཐེབས་པ་དང་།   ལ་ལ་དུས་ཡུན་རིང་བོར་མི་རིགས་གཞན་གྱི་ཁྲོད་འདྲེས་སྡོད་བྱས་པ།   ལ་ལ་དུས་ཡུན་ཅུང་རིང་བོར་གཡོན་གྱི་ངན་ཤུགས་ཐེབས་པ་ལ་སོགས་པའི་རྐྱེན་གང་མང་འདུག   གསལ་བོར་བཤད་ན་དང་པོ་ནི་ལོ་རྒྱུས་ཀྱི་དབང་གིས་ཡིན་ལ།   གཉིས་པ་ནི་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱིས་ཐག་བཅད་པ་ཡིན་པས།   དེ་གཉིས་རྒྱུན་ལྡན་གྱི་སྣང་ཚུལ་ཙམ་དུ་གཏོགས་སྙམ།   ཐ་མ་ནི་སྲིད་ཇུས་སྟེང་གི་ནོར་འཕྱུག་ལས་བྱུང་བ་ཡིན་པས།   དེ་ནི་རྒྱུན་ལྡན་མ་ཡིན་པའི་གྲས་སུ་གཏོགས།   ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ་མི་རིགས་སྐད་ཡིག་བྱ་བའི་ཐད་བྱུང་བའི་འགྱུར་ལྡོག་ལས་སྲིད་ཇུས་ཡང་དག་ན་སྐད་ཡིག་གནས་བབས་ཀྱང་ཇེ་ལེགས་ཡོང་བར་བདེན་དཔང་གང་ལེགས་བྱས་ཟིན་པ་རེད།

  བོད་སྐད་ནི་ཡིག་རིགས་ཡོད་པའི་མི་རིགས་གཞན་གྱི་སྐད་དང་འདྲ་བར་གསོན་ཤུགས་ཤིན་ཏུ་ཆེ་བའི་སྐད་རིགས་ཤིག་རེད།   བོད་རིགས་ལ་རང་གི་སྐད་ཆ་ཡོད་པ་མ་ཟད་ལོ་རྒྱུས་ཡུན་རིང་ལྡན་པའི་ཡི་གེའང་ཡོད།   ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན།   དུས་རབས་བདུན་པའི་སྐབས་ཙམ་ནས་བོད་མི་རིགས་ཀྱིས་རང་གི་ཡིག་རིགས་གསར་བཟོ་མཛད་ཡོད་པ་རེད།  ཡི་གེ་ནི་སྐད་ཆའི་མཚོན་རྟགས་ཡིན་ལ་སྐད་ཆར་སྔར་ལས་ལྷག་པའི་གསོན་ཤུགས་སྩོལ་ནུས་པ་རེད།  བོད་ཡིག་གསར་བཟོ་དང་དར་སྤེལ་མཛད་པར་བརྟེན།   མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་བར་གྱི་ཁྱད་པར་ཇེ་ཆུང་དང་བོད་ཡིག་ཚད་ལྡན་ཅན་ནམ་གཅིག་གྱུར།   ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་བཏང་བ་བཅས་བོད་སྐད་འདི་བོད་མི་རིགས་ཐུན་མོང་དུ་སྤྱོད་ཆོག་པའི་སྐད་དུ་འགྱུར་བའི་ཕྱོགས་སུ་ནུས་པ་གང་ལེགས་ཐོན་པ་རེད།   ཀྲུང་གོ་གསར་བ་དབུ་བརྙེས་རྗེས།   ཀྲུང་གོའི་སྲིད་གྲོས་ཀྱི་ཐུན་མོང་རྩ་དོན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་སུམི་རིགས་སོ་སོ་ཚང་མར་སོ་སོའི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་དུ་གཏོང་བའི


འབྲེལ་ཡོད་འོས་སྦྱོར།