logo

ཡུལ་ཤུལ་བོད་རིགས་རང་སྐྱོང་ ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-10-06 ཀློག་གྲངས།:

     (༡༩༩༤ལོའི་ ཟླ ་༥བའི་ཚེས་༣༡་ ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ སྐབས༨པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས༥བའི་ཚོགས་འདུའི་སྟེངགྲོས་འཆམ་བྱུང་ཞིང་༡༩༩༥ ལོའི་ཟླ་ ༥ བའི་ཚེས༣༡ཉིན་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ ཡོན་ཚོངས་འདུ་ཐེངས་བཅོ་བརྒྱད་པའི་གྲོས་ཚོགས་སྟེང་ཆོག་མཆན་གནང་བཀོད ༡༩༩༥ལོའི་ཟླ་༧པའི་ཚེས་༡ཉིན་ནས་ལག་བསྟར་བྱ་རྒྱུ།

   དོན་ཚན་དང་པོ། བོད ་ཀྱི་སྐད་ཡི ག་བཀོལ་སྤྱོད་དང་དར་སྤེལ་འགན་སྲུང་དང་སྐུལ་འདེད་གཏོང་ཆེད །ཀྲུང་ཧྭ་མི་དམངས་སྤྱི་མཐུན་ཁབ་ཀྱི་རྩ་ཁྲིམསདང༌། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས 《〈ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་རང་སྐྱོང་ཁུལ་གྱི་དོན་དངོས་དང་ཟུང་དུ་འབྲེལ་ནས་སྲོལ་ཡིག་འདི་གཏན་འབེབས་བྱས〉》

   དོན་ཚན་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དག་གི ས་རྒྱལ་ཁབ་ཀྱི་མི་རིགས་སྐདཡིག་སྲིད་ཇུས་་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་མཐར་ཕྱིན་བྱེད་པ་དང༌། མི་རིགས་སོ་སོའི་སྐད་དང་ཡི་གེ་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང༌། མི་རིགས་སོ་སོར་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གྱི་དབང་ཆ་ཡོད་པ་འགན་སྲུང་བྱས་ཏེ་མི་རིགས་ཀྱི་སྐད་དང་ཡི་གེ་དེ་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང༌། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་རྒྱུ།

   དོན་ཚནགསུམ་པ། བོད་སྐད་ཡིག་ནི་རང་སྐྱོང་ཁུལ་གྱིས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་དབང་ལག་བསྟར་བྱེད་པའི་་སྐད་ཡིག་གཙོ་བོ་ནང་གི་ཡ་གྱལ་ཞིག་ཡིན་པ་དང༌། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དག་གིས་ལས་འགན་ལག་ལེན་དུ་བསྟར་བའི་སྐབས་སུ་བོད་ཡིག་དང་རྒྱ་ཡིག་གཉིས་ཐུན་མོང་དུ་སྤྱོད་དགོས།

    དོན་ཚནབཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དག་གིས་བོད་སྐད་ཡིག་ཁྱབ་བརྡལ་དུ་གཏོང་རྒྱུ་དང་དེ་མཐོར་འདེགས་བྱེད་རྒྱུ་གཉིས་ཟུང་དུ་འབྲེལ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང༌། བཀོལ་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང༌།བོད་སྐད་ཡིག་གི་བཀོལ་སྤྱོད་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ།

   དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དག་གི་མི་རིགས་ཀྱི་ལས་བྱེད་པ་རྣམས་ཀྱིས་ཕན་ཚུན་བར་སྐད་ དང་ཡི་གེ་སློབ་པར་སློབ་གསོ་དང་སྐུལ་མ་བཏང་སྟེ། བོད་ཀྱི་ལས་བྱེད་པ་ཚོས་རང་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་དུས་མཚུངས་སུ། རྒྱལ་ཡོངས་སུ་ཐུན་མོང་དུ་སྤྱོད་བཞིན་པའི་རྒྱའི་སྤྱི་སྐད་དང་རྒྱ་ཡིག་སློབ་སྦྱོང་བྱེད་པ་དང༌། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་ཚོས་ཀྱང་བོད་སྐད་ཡིག་སློབ་སྦྱོང་བྱེད་དགོས།

  དོན་ཚན་དྲུག་པ། རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་ཨུ་ཡོན་ཚོགས་པ་དང་གཞུང་ལས་ཁང་དག་གིས་ཁུལ་ཡོངས་ཀྱི་བོད་སྐད་ཡིག་གི་ལས་དོན་དོ་དམ་བྱེད་པའི་འོས་འགན་ནི་གཤམ་གསལ།

  ༡ .རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང༌། ལག་ལེན་མཐར་ཕྱིན་བྱེད་པ། ལག་བསྟར་བྱེད་པ་དང༌། སྲོལ་ཡིག་འདིའི་ལག་བསྟར་ལ་ཞིབ་བཤེར་སྐུལ་འདེད་བྱེད་རྒྱུ།

  ༢.འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང༌། སྲོལ་ཡིག སྲིད་ཇུས་དང་སྲོལ་ཡིག་འདིར་བསྟུན་ནས། བོད་སྐད་ཡིག་གི་བྱ་བའི་ལག་བསྟར་དང༌། བྱེད་ཐབས་གཏན་འབེབས་བྱེད་པ།

  ༣ .བོད་སྐད་ཡིག་གི་སློབ་ཁྲིད་དང༌། ཚན་རིག་ཞིབ་འཇུག རྩོམ་སྒྱུར། གསར་འགྱུར། རྒྱང་བསྒྲགས། པར་བསྐྲུན། གནའ་གཞུང་ལེགས་སྒྲིག་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱེད་པ།

  ༤ .བོད་སྐད་ཡིག་གི་རིག་གཞུང་ཞིབ་འཇུག་དང་བརྗེ་རེས་རོགས་རམ། བྱེད་སྒོ་དཔྱད་ཞིབ།ཆེད་ལས་མི་སྣ་གསོ་སྐྱོང་སོགས་ཀྱི་བྱ་བ་རྩ་འཛུགས་བྱེད་པ།

  ༥.བོད་སྐད་ཡིག་དེ་ཚད་ལྡན་ཅན་དང་ཀུན་ལ་འཕྲོད་པར་འགྱུར་བར་དོ་དམ་དང་དེ་ཁྱབ་གདལ་དུ་གཏོང་བ།

  ༦ .གོང་རིམ་ལས་ཁུངས


འབྲེལ་ཡོད་འོས་སྦྱོར།