མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་བྱ་བའི་སྲོལ་ཡིག
ལེའུ་དང་བོ། སྤྱིའི་རྩ་འཛིན།
དོན་ཚན་དང་བོ། བོདསྐད་དང་བོད་ཡིག་སློབ་སྦྱོང་དང་བཀོལ་སྐྱོད།ཚད་ལྡན་དང་འཕེལ་རྒྱས་སུ་གཏོང་བ་བཅས་ལ་འགན་ལེན་དང་ཡར་སྐུལ་བྱེད་པའི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་སྤྱོད་དང་ཡི་གེའི་བཅའ་ཁྲིམས》《མཚོ་ལྷོ་བོད་རིག་རང་སྐྱོང་ཁུལ་་གྱི་རང་སྐྱོང་སྲོལ་ཡིག》བཅས་ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ། བོད་སྐད་དང་བོད་ཡིག་ནི་རང་སྐྱོང་ཁུལ་དུ་ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱིས། རང་སྐྱོང་ཁེ་དབང་སྤྱོད་བྱེད་ཀྱི་སྐད་ཆ་དང་ཡི་གེ་གཙོ་བོ་ཡིན་ལ། རང་སྐྱོང་ཁུལ་གྱི་སྤྱི་སྤྱོད་སྐད་ཆ་དང་ཡི་གེ་་་གཙོ་བོའང་ཡིན།
རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྐད་དང་ཡི་གེའི་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། བོད་རིགས་སྤྱི་དམངས་ལ་མི་རིགས་རང་གི་སྐད་ཆ་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཁེ་དབང་རང་དབང་ཡོད་པར་འགན་ལེན་བྱེད་དགོས།
དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས། ཆབ་སྲིད་དང་དཔལ་འབྱོར། རིགགནས། སྤྱི་ཚོགས་བྱ་འགུལ་བཅས་ཀྱི་ཁྲོད་དུ། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཀྱི་སྐད་དང་ཡི་གེའི་ཕྱོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། མི་རིགས་སོ་སོའི་སྐད་དང་ཡི་གེ་འདྲ་མཉམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང༌། མི་རིགས་སོ་སོར་རང་གི་སྐད་ཆ་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད་པར་འགན་ལེན་བྱེད་ཅི་ཐུབ་བྱས་ནས། མི་རིགས་ཀྱི་སྐད་ཆ་དང་ཡི་གེ་འདིས། འདྲ་མཉམ་མཐུན་སྒྲིལ་དང༌། རེས་རོགས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཇེ་བརྟན་ཇེ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུས་པར་བརྟེན་ནས། དངོས་པའི་དཔལ་ཡོན་དང༌། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། འཆམ་མཐུན་སྤྱི་ཚོགས་བཅས་ཀྱི་འཛུགས་སྐྲུན་བྱ་བར་ཡར་སྐུལ་བྱེད་དགོས།
དོནཚན་བཞི་བ། རང་སྐྱོང་ཁུལ་གྱིས་བོད་སྐད་དང་བོད་ཡིག་གི་བྱ་བའི་ཐད་ནས། ཁྱབ་སྤེལ་དང་མཐོར་འདེགས་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱན་འཁྱོངས་བྱས་ཏེ། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ་དང༌། རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་གོང་འཕེལ་བཅས་ཀྱི་ནང་གི་བོད་སྐད་དང་བོད་ཡིག་གི་ནུས་པ་གལ་ཆེན་པོ་དེ་འདོན་སྤེལ་གང་ལེགས་བྱེད་དགོས།
དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་ཁྲིད་ལག་བསྟར་སྐབས་སུ། བོད་རྒྱའི་སྐད་དང་ཡིག་རིག་གཉིས་ཀ་མཉམ་སྤྱོད་བྱེད་དགོས།(གཤམ་དུ་སྐད་དང་ཡི་རིགས་གཉིས་ཀ་ཞེས་པར་བསྡུས་ཡོད།)
དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས། རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ཀྱིས་ཕན་ཚུན་གྱི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པར་སྐུལ་མ་བཏང་ནས། ཚང་མའི་བློ་ཁ་དེ་ཕྱོགས་སུ་འདྲེན་དགོས། བོད་རིགས་ལས་བྱེད་པ་དང་ལས་བཟོ་བ་ཚང་མས་མི་རིགས་རང་གི་སྐད་ཆ་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་ཞོར་ལ། རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་སྤྱོད་བཞིན་པའི་སྤྱི་སྐད་དང་ཚད་ལྡན་གྱི་རྒྱ་ཡིག་ཀྱང་ཧུར་བརྩོན་གྱིས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་དགོས་པ་དང༌། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་པའིལས་བྱེད་པ་དང་ལས་བཟོ་བ་ཚང་མས་ཀྱང་བོད་སྐད་དང་བོད་ཡིག་ཧུར་བརྩོན་གྱི་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་དགོས།
ལེའུ་གཉིས་པ། བོད་ཀྱི་སྐད་དང་ཡི་གེ་བྱ་བའི་དོ་དམ་ལས་ཁུངས།
དོན་ཚན་བདུན་པ། རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཁོངས་སུ་བོད་ཀྱི་སྐད་དང་ཡི་གེའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས། དེས་བོད་སྐད་དང་བོད་ཡིག་གི་བྱ་བར་དོ་དམ་དང་ལྟ་སྐུལ་བྱེད་དགོས། བོད་ཀྱི་སྐད་དང་ཡི་གེའི་བྱ་བའི་ཨུ་ཡོན་ལྷན་ཁང་ནི་ཁུལ་དང་རྫོངགི་འགན་ནུས་སྡེ་ཁག་ཡིན་ཞིང༌། དེས་《སྲོལ་ཡིག་