༄༅། །སྐབས་བཅུ་གསུམ་པའི་བོད་ཡིག་བློར་འཛིན་འགྲན་སྡུར་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-12-17
ཀློག་གྲངས།:
ཨ་ལགས་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།། བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར།། དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།། ཉིན་རེར་འགྲོ་ཐབས་དེས་ཀྱང་མི་ཕན་པས།། དཔེ་འཛིན་སྐྱོར་སྦྱོང་ཡུན་དུ་གྱིས་ཤིག་ཨང་།། ཞེས་པ་ལྟར། རིག་ཚན་བསླབ་ཁག་ཅིག་ལ་མཚོན་ན་དཔེ་འཛིན་སྐྱོར་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ལ། ལྷག་པར་དུ་ལང་ཚོ་དར་ལ་བབ་པའི་དམའ་འབྲིང་སློབ་མ་ཞིག་ལ་མཚོན་ན་དྲན་ཤེས་རྒོད་པོ་དང་བློ་རིག་ཆེས་གསལ་དུས་ཡིན་པས། བློར་འཛིན་གྱི་བྱ་བ་དང་པོ་རུ་བརྩི་དགོས། དེའི་མཚུངས་སུ་ངེད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀྱང་སློབ་རའི་རིག་གནས་མཁའ་དབུགས་སྲུང་འཛིན་དང་རྨང་གཞིའི་ཤེས་བྱ་མཐོར་འདེགས་གཏོང་བ། དཔེ་ཐོག་ཤེས་བྱའི་བློར་འཛིན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཆེད་དུ་སློབ་གྲྭའི་བརྩོན་འགྲུས་གླིང་གིས2019ལོའི་ཟླ12པའི་ཚེས12ཉིན་གྱི་ཕྱི་དྲོའི་དུས་ཚོད་བེད་སྤྱད་ནས་སྐབས་བཅུ་གསུམ་པའི་བོད་ཡིག་བློར་འཛིན་འགྲན་སྡུར་གྱི་བྱ་འགུལ་སྤེལ།
རེབ་འདིའི་བློར་འཛིན་གྱི་ནང་དོན་ལ་རྩྭ་ཐང་དྲན་གླུ་དང་། ཆུའི་བསྟན་བཅོས། སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་བཅས་བཀོད་སྒྲིག་བྱས་ཡོད་ཅིང་། འཛིན་གྲྭ་རེ་ནས་སློབ་མ་གསུམ་རེ་འགྲན་སྡུར་དུ་ཞུགས། གསལ་དག་སྙན་གསུམ་འཛོམས་པའི་མདོ་འཛིན་པ་རྒན་སྟག་འབུམ་ཚེ་རིང་གིས་ཐོག་མར་མགོ་རྩོམ་མདོ་ཚིག་གི་མཆོད་བརྗོད་བརྒྱུད་དེ་འགྲན་ཞུགས་པ་ཚོས་ཡིད་འཇོག་བྱེད་དགོས་པའི་གནད་དང་སྐར་གྲངས་སྟེར་སྟངས་གསལ་བོར་བསྒྲགས་རྗེས་སློབ་མ་ཡོངས་ཀྱིས་དབྱངས་གཅིག་གདངས་གཅིག་གིས་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཚར་གཅིག་བཏོན་ཏེ་འགྲན་བསྡུར་གྱི་ཡོལ་རས་ཕྱེ།
དུས་ཐོག་དེར་འཛིན་གྲྭའི་མིང་ཐོའི་ཁྲོད་ནས་གདམ་བསལ་སྒོས་འགྲན་སྡུར་ལ་ཞུགས་རྒྱུའི་བརྡ་བཏང་བར་སློབ་མ་ཡོངས་དངངས་འཚབ་སྐྱེས་ནས་སྙིང་ཆུང་ལུ་གུ་ལྡིང་ལྡིང་དུ་རང་ཉིད་ཀྱི་མིང་ཐོ་སྒྲོག་ཨེ་འགྲོ་ལ་བྲེལ་ཆས་ཁེངས་འདུག འགྲན་སྡུར་གྱི་གོ་རིམ་དུ་སློབ་མ་ལ་ལའི་སྐད་གསང་མཐོ་ལ། ཚིག་འབྲུ་གསལ་ཞིང་། ཆུ་བཞུར་བ་ལྟར་དུ་བློ་ལ་སྐྱོར་བ་དང་། སློབ་མ་ཁ་ཤས་ཀྱིས་དུས་རྒྱུན་བློར་འཛིན་ལ་ཤུགས་ཆེན་པོ་མ་བརྒྱབ་པས། སྐད་གདངས་དམའ་ལ་ལྡབ་ལྡིབ་ཏུ་ཆད་མ་མཐུད་དུ་བློ་རུ་སྐྱོར་པར་རྩ་འཛུགས་དགེ་རྒན་གྱིས་སྣང་ཚུལ་ངན་པ་དེར་སྐྱོན་བརྗོད་ནན་མོ་བྱས། སྤྱིའི་ཆ་ནས་སློབ་མ་ཡོངས་ཀྱིས་དུས་རྒྱུན་བློར་འཛིན་ལ་དང་དོད་བྱས་པ་མངོན་མོད། བོད་སྐད་ཡིག་གི་རྨང་གཞི་ཞན་པའི་རྫོང་ཁག་འདི་ལྟ་བུ་ལ་མཚོན་ན་ད་དུང་རྗེས་ཕྱོགས་སུ་བོད་སྐད་ཡིག་གི་རྨང་གཞི་ཤེས་བྱའི་སྐོར་བློར་འཛིན་དང་བསྐྱར་སྦྱོང་གི་ཐད་དུ་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་རེད།
མཇུག་མཐར། མདོ་འཛིན་པས་མི་སྒེར་དང་ཐུན་མོང་གི་འཛིན་གྲྭར་བྱ་དགའ་ཐོབ་པའི་མིང་ཐོ་བསྒྲགས་པ་དང་། མགོ་ཁྲིད་པས་གཟིགས་བཟོས་བྱ་དགའ་གནང་སྟེ་སློབ་མ་རྣམས་ལ་སྐུལ་སློང་ངམ་རྟིང་སྐུལ་བྱས་ཤིང་། བྱ་འགུལ་ལ་སྤྱི་སྡོམ་གྱི་ཚུལ་དུ་རྒན་གཡང་སྐྱབས་རྒྱལ་དང་རྒན་འཇམ་མགོན་སྐྱབས་གཉིས་ཀྱིས་སློབ་གྲྭའི་སྐབས་སོ་སོའི་བོད་ཡིག་བློ་རྒྱུགས་འགྲན་སྡུར་བྱ་འགུལ་གྱི་དགོངས་པ་དང་གལ་ཆེན་རང་བཞིན། ཐེངས་འདིའི་བྱ་འགུལ་གྱི་བཟང་ཆ་དང་སྐྱོན་ཆ། ཆ་རྐྱེན་དང་རེ་བ་བཏོན་ཏེ་བྱ་འགུལ་བདེ་བླག་མཇུག་བསྡུས་སོ།།

འབྲེལ་ཡོད་འོས་སྦྱོར།