༄༅།།ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི2019ལོའི་བོད་སྐད་ཡིག་རྨང་གཞིའི་ཤེས་བྱ་འགྲན་སྡུར་སྤེལ།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-12-20
ཀློག་གྲངས།:
དགེ་བཤེས་ཤེས་རབ་རྒྱ་མཚོའི་ཞལ་ནས། འཆད་ན་བློ་ཡི་རྦ་རླབས་དགུང་དུ་འཕྱུར།། རྩོད་ན་དུས་མཐའི་མེ་དཔུང་འབར་བའི་ལྕེ།། རྩོམ་ན་བདུད་རྩིའི་གྲུ་ཆར་འཇོ་བའི་སྤྲིན།། དཔྱོད་ལྡན་ཡིད་དབང་འགུག་པའི་ལྕགས་ཀྱུ་ཡིན།། ཞེས་པ་བཞིན་ད་ལྟའི་སྤྱི་ཚོགས་སུ་ང་ཚོས་བསླབ་དེབ་ཁོ་ནའི་སྟེང་གི་ཤེས་བྱ་སྣ་གཅིག་པུ་སྦྱང་པས་མི་ཆོག་པར། ཕ་མེས་གོང་མ་དག་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་དམངས་སྲོལ་རིག་གནས་དང་ངག་རྒྱུད་རིག་གནས། ཀུན་སྤྱོད་སློབ་གསོ། རྒྱུན་སྤྱོད་ཤེས་བྱ་སོགས་ཕྱི་རོལ་ཡུལ་ལ་ངོས་འཛིན་བྱེད་པའི་ཤེས་རིག་གི་ཆུ་ཚད་ཇེ་མཐོར་བཏང་སྟེ་མཆན་བུའི་ཕྱོགས་ཡོངས་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དམ་པ་ཞིག་གོ། ལྷག་པར་དུ་འགྲོས་མྱུར་པའི་སྤྱི་ཚོགས་འཁོར་རྒྱུག་གི་གནས་བབ་དང་བསྟུན་ཏེ་ཐོན་རྫས་གསར་བའང་ཉིན་རེར་བགྲང་ལས་འདས་པ་ཞིག་ང་ཚོའི་འཚོ་བའི་ཁྲོད་དུ་སིམ་འཛུལ་བྱེད་བཞིན་ཡོད་པས། དེ་དག་སྐད་ཡིག་གི་ལམ་ནས་ཤེས་རྟོགས་བྱེད་རྒྱུའང་གཙོ་ཆེ་བ་རེད། གནས་ཚུལ་དེ་འདྲ་ཞིག་འོག་ཏུ། 2019ལོའི་ཟླ12པའི་ཚེས18ཉིན་གྱི་དགོང་མོར། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས་སློབ་མ་རྣམས་ཀྱི་བོད་སྐད་ཡིག་གི་རྨང་གཞི་མཐོར་འདེགས་གཏོང་སླད། དམའ་འབྲིང་བོད་སྐད་ཡིག་རྨང་གཞིའི་ཤེས་བྱ་འགྲན་སྡུར་ཐེངས་ཤིག་སྤེལ།
སློབ་མའི་བོད་ཡིག་གི་རྨང་གཞིའི་ཤེས་བྱ་འཐུས་ཇེ་ཚང་དང་གྲ་ཇེ་རྒྱས་སུ་གཏོང་ཆེད་སློབ་གྲྭའི་སློབ་སྟོན་ཁང་གི་རོགས་རམ་དང་བོད་ཡིག་དགེ་རྒན་རྣམ་པའི་རོགས་སྒྲུབ་འོག་སྔོན་བྱོན་མཁས་པའི་བསྟན་བཅོས་གྲགས་ཅན་ལ་གཞི་བཅོལ་ཏེ་མི་སྣ་དང་ལོ་རྒྱུས། ས་རྒྱུས། ཆབ་སྲིད། བདེ་ཐང་། སྐྱེ་ཁམས་སོགས་ཀྱི་རྨང་གཞིའི་ཤེས་བྱ། ཕ་མེས་ཡང་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་ཏེ། གབ་ཚིག་གི་དྲི་གཞི། གཏམ་དཔེའི་ཚིག་རྐང་གི་མགོ་རྔ་སྦྱོར་ཚུལ། དམངས་གླུ་ལེན་པ། དཔེ་ཆོས་དང་བརྗོད་པ་སྤེལ་རྒྱུ། སྨྲ་ལྕེ་སྦྱོང་བརྡར་བཅས་དམངས་སྲོལ་དང་ད་ལྟའི་སྤྱི་ཚོགས་ཁྲོད་མིག་མཐོང་ལག་ཟིན་དུ་གྱུར་བའི་རྒྱུད་བཀོལ་ཤེས་བྱའི་རྒྱུ་ཆ་སྣ་ཚོགས་འཚོལ་སྡུད་བྱས་ཏེ་ནང་དོན་རྒྱ་ཆེ་ཞིང་སྣ་འཛོམས་ཀྱི་རང་བཞིན་ལྡན་པ། སློབ་སྦྱོང་ལ་སྐུལ་འདེད། སྤོབས་པ་དང་བསམ་གཞིག་གི་ནུས་པ་ཇེ་ཆེར་བསྐྱེད་པ། མ་འོངས་འབྱུང་འགྱུར་ལ་དམིགས་ཡུལ་གསལ་བ། རྩེད་མཚར་དང་སྤྲོ་སྣང་གི་ཁྱད་ཆོས་དོད་པའི་དྲི་བ༡༡༠ཙམ་སྨྱན་མང་གཟུགས་ཀྱི་ལམ་ནས་བཟོས་ཏེ་སློབ་མ་རྣམས་ལ་སྟབས་བདེ་བསྐྲུན་ཞིང་། སྨྲ་ལྕེ་ལ་རང་དབང་འཇོ་བའི་མདོ་འཛིན་པའི་བཀོད་སྒྲིག་དང་འདྲ་མཉམ་དང་དྲང་བཞག་གིས་དཔྱད་འཇོག་གནང་བའི་དཔྱད་འདེམ་པ་རྣམ་པའི་རོགས་རམ་གྱི་འོག་བྱ་འགུལ་གྱི་མགོ་མཇུག་བར་གསུམ་བདེ་ལེགས་ངང་སྤེལ་ཐུབ་པ་བྱུང་།
ཐེངས་འདིའི་བྱ་འགུལ་དུ་དགེ་སློབ་ལྔ་བརྒྱ་དང་བཅུ་ལྷག་ཞུགས་ཤིང་། འགྲན་སྡུར་གྱི་བྱེད་ཐབས་ལ་ངེས་པར་ལན་འདེབས་དགོས་པའི་དྲི་བའི་སྐོར་དང་། འཕྲོག་ལན་གྱི་སྐོར། ཉེན་ཁ་ཅན་གྱི་དྲི་བའི་སྐོར་བཅས་རིམ་པ་གསུམ་དུ་བགར་ནས་འགྲན་བསྡུར་བྱས་པར་འགྲན་ཞུགས་པ་རྣམ་པར་སྐབས་རེར་དངངས་འཚབ་དྲག་པོ་སྟེར་ཞིང་ལན་རེར་སྤྲོ་མཚར་ཆེ་བའི་མཁའ་དབུགས་ཤིག་ཀྱང་བཅོས་མིན་དུ་བསྐྲུན། ཡིན་ཡང་འགྲན་སྡུར་རིམ་པ་སོ་སོའི་བར་རྒྱན་དུ་སྨྲ་ལྕེ་བདེ་བའི་མདོ་འཛིན་པའི་ཁ་མཚར་འདྲེས་མ་དང་སློབ་མ་ཚོའི་ཁྲོད་ཀྱི་གླུ་བ་གླུ་མའི་སྙན་འཇེབས་ཀྱི་གླུ་སྐད་ཀྱིས་ལྷོད་གཡེང་དང་བག་ཕེབས། སེམས་ཁམས་ཞི་འཇགས་སུ་བསྒྱུར།
དགོང་མོའི་དུས་ཚོད་གཉིས་ཙམ་བེད་སྤྱད་དེ་ཛ་དྲག་དང་དཀའ་ཚེགས། ཟང་ཟིང་དང་ཧུར་ཐག་གི་གོ་རིམ་མང་པོ་ཞིག་བརྒྱུད་མཐར་ལོ་རིམ་ཡོངས་ནས་མི་སྒེར་གྱི་བྱ་དགའ་ཨང་བཅུ་ཐམ་པ་བདམས་ཐོན་བྱུང་བ་དང་། ཐུན་མོང་ལ་བྱ་དགའ་གསུམ་བདམས་ཏེ་བྱ་དགའི་མཚན་སྙན་དཔང་ཡིག་དང་ལེགས་སྐྱེས་དངོས་པོ་རེ་སྦྱར་ནས་བསྩལ་གནང་མཛད་པར་དགེ་སློབ་ཡོངས་ཀྱིས་ལྷག་བསམ་འཁོལ་བའི་ངང་དགའ་བསུའི་རྟེན་འབྲེལ་དུ་ཚོགས་རའི་ཁྱོན་ཀུན་ལག་ཟུང་གི་ལྷང་ལྷང་ཐལ་མོའི་རྡེབ་སྒྲས་ཁེངས། བྱ་འགུལ་གྱི་རྗེས་སུ་སློབ་སྟོན་ཀྲུའུ་རིན་གནམ་ལྷ་དང་བོད་ཡིག་ཁྲིད་དཔྱོད་ཁང་གི་མགོ་གཙོ་འཇམ་མགོན་སྐྱབས་གཉིས་ཀྱིས་བྱ་འགུལ་འདི་ལྟ་བུ་ཞིག་སྤེལ་བའི་དམིགས་ཡུལ་དང་བྱ་འགུལ་ཁྲོད་མི་འདང་བའི་ཆ། སློབ་མ་ཚོའི་བོད་སྐད་ཡིག་གི་གནས་བབ། མ་འོངས་པར་ད་དུང་བོད་སྐད་ཡིག་ལ་ཤུགས་རྒྱག་དགོས་པའི་སྐུལ་སློང་སློབ་གསོ་རྨ་མེད་པ་གསུངས།
རེབ་འདིའི་བྱ་འགུལ་སྤེལ་བ་བརྒྱུད་སློབ་གྲོགས་ཀུན་གྱི་སྤོབས་སེམས་མཐོ་རུ་འདེགས་པར་རམ་སྐྱོར་བསྣན་ཡོད་ཅིང་བློ་རིག་གི་སྒོ་མོ་ཇེ་ཆེར་བསྐྱེད་པ། སློབ་སྦྱོང་ལ་ཧུར་བརྩོན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་པ་མ་ཟད། བོད་སྐད་ཡིག་གི་རྨང་གཞི་ཞན་པའི་གནས་བབ་སྐྱོ་བོ་ལ་བསྒྱུར་བཅོས་བྱེད་པར་རོགས་དན་གྱི་ནུས་པ་གལ་ཆེན་ཐོན་པ་རེད། སླད་མར་ཡང་རེབ་འདིའི་འགྲན་སྡུར་དང་མཚུངས་པའི་བྱ་འགུལ་མང་པོ་སྤེལ་བར་དགེ་སློབ་ཀུན་ལ་རེ་སྒུག་ཤིན་ཏུ་ཆེ་བ་མཚོན་ནོ། །

འབྲེལ་ཡོད་འོས་སྦྱོར།