༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་བློར་འཛིན་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:རིག་བུ་ཟླ་བྷེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-12-24
ཀློག་གྲངས།:
དེ་ཡང་ཇི་སྐད་དུ། རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས།“དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། ། བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། ། དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱི། ། ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། ། དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། །”ཞེས་དང་། ཡང་སྔོན་བྱོན་མཁས་པའི་གསུང་དུ། “སློབ་གཉེར་བྱེད་པ་ལ་ཐོག་མར་དཔེ་ཆ་བློ་ལ་འཛིན་དགོས། དེའི་ཐོག་ནས་དཔེ་ཁྲིད་ཞུས་ཏེ། ཚིག་རིས་ཙམ་ངེས་པར་བྱས་ཏེ། གཤར་སྦྱང་ལ་འབད་ནས་སེམས་ལ་བཞག་པ་ཤིན་ཏུ་གལ་ཆེ”ཞེས་གསུངས་པ་ལྟར། སྤྱིར་སློབ་གཉེར་བ་ཞིག་ལ་མཚོན་ན། དཔེ་དེབ་སྟེགས་ལ་མི་འཇོག་པར་ཡང་ཡང་ཀློག་པ་དང་། ཀློག་དོན་ཡལ་བར་མི་འདོར་བར་བློ་ལ་འཛིན་པ། བློ་ལ་བྱང་བའི་ཤེས་བྱ་རྣམས་རྒྱུད་ལ་བླངས་ཏེ་རང་གཞན་གཉིས་ཕན་གྱི་དོན་ལ་གཞོལ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། ཡིན་ཡང་རིག་གནས་སྣ་ཚོགས་ཀྱི་གཙུབ་བརྡར་རྒོད་པའི་དེང་གི་དུས་འདིར་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་བལྟས་བཅོས་ཀྱིས་ཇེ་ཞན་དུ་འགྲོ་བཞིན་པའི་གནས་ཚུལ་དངོས་ལ་དམིགས་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་མཐོ་གཉིས་ལོ་རིམ་ཁག་གིས་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་སྲ་བརྟན་དུ་གཏོང་ཆེད“དགེ་བཤེས་ཆུང་ཆུང”རྟགས་མའི་བོད་ཡིག་རྨང་གཞིའི་ཤེས་བྱ་བློར་འཛིན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
ཐེངས་འདིའི་བློར་འཛིན་འགྲན་བསྡུར་ལ་ཞུགས་པའི་སློབ་གྲོགས་རྣམས་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་འཛོམས་ཡོད་དེ་སྤོབས་པའི་གཟེང་མཐོ་བ་མི་འཇིགས་སེང་གེའི་ང་རོ་འབྱིན་པ་ལྟ་བུའི་ཁྱད་ཆོས་དང་། བློ་ལ་བྱང་ཆེ་བ་བཀན་གཟར་རི་ངོས་ལས་ཆུ་བོ་ལྷང་ལྷུང་འབབ་པ་ལྟ་བུའི་ཁྱད་ཆོས། ཚིག་གི་དག་ཐོན་པ་ཆུ་མིག་དྭངས་མོ་ལས་རྡེའུ་གཟུགས་གསལ་བོར་མཐོང་བ་ལྟ་བུའི་ཁྱད་ཆོས། དོན་ལ་ཁྱབ་ཆེ་བ་ཤེས་བྱ་ཀུན་ལ་འཇུག་པའི་སྒོ་འཕར་ཡངས་པོར་ཕྱེས་པ་ལྟ་བུའི་ཁྱད་ཆོས་སོགས་ལྡན་ལ། བྱ་འགུལ་འདི་སྤེལ་བ་བརྒྱུད་ནས། སློབ་རའི་སློབ་སྦྱོང་གི་བྲེལ་ཟིང་གི་འཚོ་བར་སྤྲོ་སྣང་དོད་པར་བྱས་ཤིང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་ལས་བརྟན་པར་གྱུར་པ་མ་ཟད། དཔེ་འཛིན་སྐྱོར་སྦྱངས་ཀྱི་དགེ་མཚན་ལ་ངེས་ཤེས་གསར་བ་ཞིག་འདྲོངས་པར་བྱས།
མཇུག་མཐར། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་པ་སློབ་གཙོ་ཀླུ་འབུམ་རྒྱལ་ལགས་ཀྱིས་འགྲན་བསྡུར་གྱི་གནས་ཚུལ་སྤྱི་སྡོམ་བྱས་ཤིང་། ཁོང་གིས་བྱ་འགུལ་གྱི་གཙོ་སྒྲུབ་པར་བཀའ་དྲིན་དང་། བྱ་དགའ་ཐོབ་པའི་སློབ་གྲོགས་རྣམས་ལ་རྟེན་འབྲེལ། དགེ་མཚན་ཕུན་སུམ་ཚོགས་པའི་བྱ་འགུལ་འདི་ལྟ་བུ་མང་དུ་སྤེལ་བའི་རེ་བ་ཞུས་ཏེ་འགྲན་བསྡུར་ཡོངས་སུ་མཇུག་རྫོགས་པར་བྱས།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་བློར་འཛིན་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
ཐེངས་འདིའི་བྱ་འགུལ་གྱི་གོ་རིམ་ནི། ཐོག་མར་འཛིན་གྲྭ་རེ་ལས་སློབ་གྲོགས5རེ་བདམས་ནས་སློབ་གྲོགས85ཐོག་མའི་འགྲན་བསྡུར་ལ་ཞུགས་ཤིང་། ཐོག་མའི་འགྲན་བསྡུར་དུ་དཔྱད་འདེམ་དགེ་རྒན་རྣམས་ཀྱིས་འདྲ་མཉམ་དང་དྲང་བདེན་གྱི་རྩ་དོན་གཞིར་བཟུང་ནས་བསལ་འདེམ་བྱས་པ་བརྒྱུད། འགྲན་ཞུགས་དེ་དག་ལས་བློ་རིག་མྱུར་ཞིང་རིགས་ལམ་གསལ་བ། བྱང་ཆ་ལྡན་ཞིང་སྨྲ་བརྗོད་དག་པའི་སློབ་གྲོགས30རྟིང་རྩོད་འགྲན་བསྡུར་ལ་ཚུད། རྟིང་རྩོད་འགྲན་བསྡུར་དེ་སློབ་གྲྭའི་སྙན་ཞུའི་ཚོམས་ཁང་དུ་སྤེལ་ཅིང་མདོ་འཛིན་པས་འགྲན་བསྡུར་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་སྦྲགས། འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པའི་རྩ་ཚིག་དང་། ཚིག་རྒྱན་རིག་པའི་རྩ་བ། བོད་ཀྱི་ལོ་རྒྱུས་ཀྱི་སྡོམ་བྱང་། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས། བསླབ་བྱ་དང་ལེགས་བཤད་། རྩོམ་རིག གཞན་ད་དུང་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་སྐོར་སོགས་རང་རང་གི་ཁྱད་ཆོས་ལྟར་སྨྲ་དག་པ། འབྲུ་གསལ་བ། གདངས་མཐོ་བའི་སྒོ་ནས་ངག་ནས་ཤར་མར་བསྐྱར་བས་ཡུལ་དངོས་ཀྱི་དགེ་སློབ་རྣམས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་ཏུ་བཀུག་ཅིང་ངག་ནས་བསྟོད་ཚིག་མེ་ཏོག་གི་ཕྲེང་བ་ཡང་ཡང་གཏོར། ཐེངས་འདིའི་བློར་འཛིན་འགྲན་བསྡུར་ལ་ཞུགས་པའི་སློབ་གྲོགས་རྣམས་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་འཛོམས་ཡོད་དེ་སྤོབས་པའི་གཟེང་མཐོ་བ་མི་འཇིགས་སེང་གེའི་ང་རོ་འབྱིན་པ་ལྟ་བུའི་ཁྱད་ཆོས་དང་། བློ་ལ་བྱང་ཆེ་བ་བཀན་གཟར་རི་ངོས་ལས་ཆུ་བོ་ལྷང་ལྷུང་འབབ་པ་ལྟ་བུའི་ཁྱད་ཆོས། ཚིག་གི་དག་ཐོན་པ་ཆུ་མིག་དྭངས་མོ་ལས་རྡེའུ་གཟུགས་གསལ་བོར་མཐོང་བ་ལྟ་བུའི་ཁྱད་ཆོས། དོན་ལ་ཁྱབ་ཆེ་བ་ཤེས་བྱ་ཀུན་ལ་འཇུག་པའི་སྒོ་འཕར་ཡངས་པོར་ཕྱེས་པ་ལྟ་བུའི་ཁྱད་ཆོས་སོགས་ལྡན་ལ། བྱ་འགུལ་འདི་སྤེལ་བ་བརྒྱུད་ནས། སློབ་རའི་སློབ་སྦྱོང་གི་བྲེལ་ཟིང་གི་འཚོ་བར་སྤྲོ་སྣང་དོད་པར་བྱས་ཤིང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་ལས་བརྟན་པར་གྱུར་པ་མ་ཟད། དཔེ་འཛིན་སྐྱོར་སྦྱངས་ཀྱི་དགེ་མཚན་ལ་ངེས་ཤེས་གསར་བ་ཞིག་འདྲོངས་པར་བྱས།
མཇུག་མཐར། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་པ་སློབ་གཙོ་ཀླུ་འབུམ་རྒྱལ་ལགས་ཀྱིས་འགྲན་བསྡུར་གྱི་གནས་ཚུལ་སྤྱི་སྡོམ་བྱས་ཤིང་། ཁོང་གིས་བྱ་འགུལ་གྱི་གཙོ་སྒྲུབ་པར་བཀའ་དྲིན་དང་། བྱ་དགའ་ཐོབ་པའི་སློབ་གྲོགས་རྣམས་ལ་རྟེན་འབྲེལ། དགེ་མཚན་ཕུན་སུམ་ཚོགས་པའི་བྱ་འགུལ་འདི་ལྟ་བུ་མང་དུ་སྤེལ་བའི་རེ་བ་ཞུས་ཏེ་འགྲན་བསྡུར་ཡོངས་སུ་མཇུག་རྫོགས་པར་བྱས།
འབྲེལ་ཡོད་འོས་སྦྱོར།