༄༅། །བྱ་བའི་མིང་རིགས་གསུམ་མཐའ་གཅིག་ཏུ་ངེས་པ་མེད་ཚུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-20
ཀློག་གྲངས།:
རྩོལ་བ་འཇུག་སའི་ལས་ཀྱི་དངོས་པོ་དེ། །
རྩོལ་བྱུང་ཡིན་ན་བྱ་ལས་ལོགས་སུ་མེད། །
བྱ་བ་རང་གི་ངང་གིས་གྲུབ་པ་ལ། །
བྱ་ལས་བྱེད་ལས་གང་ཡང་དོན་གྱིས་སྟོངས། །
གོང་གསལ་བྱ་བའི་མིང་ལ་རྟེན་ཅིང་འབྲེལ་བའི་རིགས་གསུམ་གྱི་དབྱེ་བ་མངོན་སུམ་དུ་ཡོད་ཀྱང་། གསུམ་གསུམ་དུ་འཛོམས་པའི་ངེས་པ་མེད་དེ། ལས་ཀྱི་དངོས་པོ་སྔར་མེད་གང་། རྩོལ་བ་ལས་ཆོས་ཅན་ཞིག་ཏུ་གྲུབ་པ་ལ། བྱེད་པའི་ལས་ཡོད་ཀྱང་། བྱ་བའི་ལས་མེད་དེ། ། སྐུ་འདྲ་བཞེངས་པ། ཡི་གེ་འབྲི་བ། རི་མོ་བརྐོ་བ། ལྟ་བུ་རྣམས་སོ། ། ལས་ཀྱི་དངོས་པོ་སྔར་ཡོད་པ་གང་། བྱེད་པའི་རྩོལ་བ་ལས། རྣམ་པ་གཞན་ཞིག་ཏུ་གྱུར་འགྲོ་བ་ལ། བྱེད་པའི་ལས་དང་བྱ་བའི་ས་གཉིས་ཀ་ཡོད་མོད། དེ་ལུགས་དང་འབྲེལ་བའི་རང་བྱུང་གི་སྣང་ཚུལ་མེད་པ་ལ། བདག་གཞན་དང་མ་འབྲེལ་བའི་བྱ་བ་མེད་དེ། རས་གཤགས་ནས་ཤོགས་པ། གདན་དྲངས་ནས་འདྲོངས་པ། བལྟས་ནས་མཐོང་བ། ལྟ་བུ་སོགས་སོ། ། བེམ་པོ་གང་ཞིག་རང་གི་ངང་གིས་བྱ་བ(འགྱུར་ལྡོག)འབྱུང་བ་ལས། བྱེད་པོའི་ལས་སུ་མི་རུང་བ་ལ། བྱ་ལས་དང་བྱེད་ལས་གང་ཡང་མེད་དེ། ཉི་མ་ཤར་བ། རླུང་གཡུག་པ། མེ་ཏོག་བཞད་པ། ལྟ་བུ་སོགས་སོ། །
སེམས་ཅན་གང་ཞིག་ལས་ལ་མ་བལྟོས་པར། རང་གི་འདུ་བྱེད་ངང་ངམ་ཤུགས་ཀྱིས་བྱུང་བ་ལ། བདག་གཞན་དང་མ་འབྲེལ་བའི་བྱ་བ་ཙམ་ལས་མེད་དེ། ང་འགྲོ། རྟ་རྒྱུག བྱིས་པ་ཚོ་མཉམ་དུ་འཚོགས། ལྟ་བུ་སོགས་སོ། །
གཞན་ཡང་། དཔེ་ཆ་བལྟས་ཚར། གོན་པ་བཟུས་ནས་གྲུབ་སང་། ཆང་འཐུངས་ནས་བཟི། ལྟ་བུ་སོགས་ཀྱི་ཚིག་གི་སྦྱོར་བ་བདག་གཞན་མཉམ་དུ་འབྲེལ་བའི་ཚིག་གི་རྣམ་པ་དང་འདྲ་ཡང་། མཚན་ཉིད་མི་གཅིག་སྟེ། སྐབས་འདིའི་ཚར་བ་དང་། གྲུབ་པ་དང་། བཟི་བ་རྣམས། ལས་ཀྱི་འགྱུར་བ་དངོས་མིན་གྱི། བྱེད་པའི་རྩོལ་བའི་ཕྱིས་འབྱུང་ཙམ་བསྟན་པ་ཡིན་ནོ། །
ཡང་། ངང་གིས་འབྱུང་བའི་བྱ་བ་རྣམས། བདག་དང་འབྲེལ་བའི་བྱ་བར་སྦྱར་ན། ཚིག་གྲོགས་ཀྱིས་བསྒྱུར་ཆོག དཔེར་ན། རྟ་རྒྱུག་པ་དང་། རྟ་རྒྱུག་པར་བྱེད། ཟེར་བའི་ཚིག་གཉིས་ཀྱི་དོན་མི་འདྲ་སྟེ། ཚིག་སྔ་མའི་རྟ་ནི་རྒྱུག་བྱེད་དེ། བྱེད་པ་རྟ་རང་གི་རང་ཤུགས་ཀྱི་བྱ་བ་ཡིན་ལ། ཚིག་ཕྱི་མ་རྟ་ནི་བརྒྱུག་བྱ་སྟེ། ལས་ལ་བཀོད་ནས། བྱེད་པ་བོ་གཞན་ཞིག་གིས་ཁ་ལོ་སྒྱུར་བ་ཡིན་ཏེ། རྟ་རྒྱུག་གཏོང་ངམ། རྒྱུག་པར་བྱེད་ནི། བྱེད་པའི་ལས་སུ་གྱུར་པ་ཡིན་ནོ།། དཔེ་དེ་བཞིན། འོད་འཆར་བར་བྱེད། ཚོགས་སུ་ཞུགས་པར་འཇུག་ལྟ་བུ་སོགས་རིགས་བསྒྲེས་ནས་ཤེས་པར་གྱིས་ཤིག །

འབྲེལ་ཡོད་འོས་སྦྱོར།