༄༅།།མཚོ་ལྷོ་ཁུལ་ཆབ་ཆ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་ཡིག་རིས་འགྲེམ་སྟོན་སྤེལ་བ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-29
ཀློག་གྲངས།:
བདུན་གཅིག་བསུ་བ་དང་ཏང་བཙུགས་ནས་ལོ་འཁོར99ལོན་པར་རྟེན་འབྲེལ་ཞུ་བ་དང་། ཡིག་གཟུགས་དང་མཛེས་རིས་ཀྱིས་སློབ་གྲྭ་ཆུང་འབྲིང་སློབ་མས་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་བྱེད་པར་སྐུལ་སློང་གནང་བ། མཛེས་དཔྱོད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་ཆེད། མཚོ་ལྷོ་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་མཚོ་ལྷོ་ཁུལ་སློབ་གསོ་ཅུས་ཀྱིས་གཙོ་གཉེར་དང་། མཚོ་ལྷོ་ཁུལ་རིག་གནས་ཁང་གིས་འགན་སྒྲུབ། མཚོ་ལྷོ་ཁུལ་དཔེ་མཛོད་ཁང་གིས་རོགས་སྒྲུབ་གནང་བའི་ཆབ་ཆ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་ཡིག་གཟུགས་འགྲེམ་སྟོན་དེ་སྤྱི་ཟླ6པའི་ཚེས28ཉིན་ཁུལ་དཔེ་མཛོད་ཁང་གི་འགྲེམ་ཁང་དུ་སྤེལ།
ད་ཐེངས་ཀྱི་ཡིག་རིས་འགྲེམས་སྟོན་ནང་ཆབ་ཆ་ས་ཁུལ་སློབ་གྲྭ་འབྲིང་ཆུང་གི་ཡིག་རིས་བརྩམས་ཆོས370ལྷག་ཡོད་ཅིང་། བོད་རྒྱ་ཡིག་གཟུགས་དང་སྐྱ་བྲིས། ཆུ་ཚོན་རི་མོ། ལག་བྲིས་ཚགས་པར་སོགས་འདུས་པ་དང་། འགྲེམ་ཞུགས་རྩོམ་པ་པོ་རྣམས་ཀྱིས་ཉམས་འགྱུར་སྣ་མང་དང་རང་རང་གི་ཁྱད་ཆོས་ལྡན་པའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་བརྒྱུད་དེ། ཏང་ལ་བསྟོད་བསྔགས་དང་། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་མི་རིགས་འཆམ་མཐུན་གྱི་མཛེས་སྡུག་ལྡན་པའི་འཚོ་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་རིམས་ནད་གློ་ཚད་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་འགོག་རྒོལ་བྱེད་པའི་མི་སེམས་འགུལ་བའི་རྣམ་པ་མཚོན་པར་བྱས་ཡོད། དཔྱད་འདེམས་པ་དག་གིས་ནན་ཏན་གྱི་དཔྱད་འདེམས་བརྒྱུད། བརྩམས་ཆོས120བྱ་དགའ་དཔྱད་བསྡུར་ཚན་པའི་ནང་ཚུད་པ་དང་མཐར་བྱ་དགའ་ཐོབ་པའི་བརྩམས་ཆོས44བདམས་ཐོན་བྱུང་།

འབྲེལ་ཡོད་འོས་སྦྱོར།