༄༅།།ལྷ་མོ་གཡང་འཛོམས་ཀྱིས་མཐོ་རྒྱུགས་ཁྲོད་ཞིང་ཆེན་གྱི་ཨང་དང་པོ་བླངས།

རྩོམ་པ་པོ།:མི་གསལ། དུས་ཚོད།:2020-07-30 ཀློག་གྲངས།:
2020ལོའི་མཐོ་རྒྱུགས་ཁྲོད་མང་རྫོང་གི་སློབ་མ་ལྷ་མོ་གཡང་འཛོམས་ཀྱིས་སྐར་གྲངས620བླངས་ཤིང་། གྲངས་ཉུང་མི་རིགས་ཀྱི་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲད་པའི་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བླངས་པས། རང་རྫོང་གི་རྒྱུགས་འབྲས་ཕུལ་བྱུང་སློབ་མ་རྡོ་རྗེ་སྐྱིད་དང་བཀྲ་ཤིས་སྐྱིད་གཉིས་ཀྱི་རྗེས་སུ་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་སློབ་མ་གསུམ་པར་གྱུར།
ལྷ་མོ་གཡང་འཛོམས། མོ། བོད་རིགས། མཚོ་སྔོན་ཞིང་ཆེན་མང་རྫོང་ཐར་ཤུལ་ཞང་རྫ་རྒན་སྡེ་བའི་ཡིན། མང་རྫོང་མཁར་གྲོང་བཅའ་སྡོད་སློབ་ཆུང་དང་མང་རྫོང་མི་རིགས་སློབ་འབྲིང་བཅས་ནས་རིམ་བཞིན་སློབ་མཐར་ཕྱིན་ཞིང་། འབྲིང་རྒྱུགས་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་དབང་གིས། 2017ལོའི་ཟླ9པ་ནས་བཟུང་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ཅཱང་ཉིན་མཐོ་རིམ་སློབ་གྲྭར་སློབ་སྦྱོང་གི་བསྐལ་བ་ལྡན་པར་གྱུར། འདི་ལྟར་གནས་གཞན་དུ་སློབ་གྲྭར་འགྲིམས་པའི་སྐབས་སུ། ཁོ་མོས་ཕ་ཡུལ་དྲན་པའི་འདུན་པ་དེ་སློབ་སྦྱོང་གི་སྟོབས་ཤུགས་སུ་བསྒྱུར་ནས། དགེ་རྒན་ལ་བརྩི་བཀུར་དང་སློབ་གྲོགས་བར་ལ་མཐུན་སྒྲིལ། སློབ་སྦྱོང་ལ་འབད་བརྩོན་བཅས་བྱས་ཏེ་ལང་ཚོ་ཆུད་ཟས་སུ་མ་བཏང་བར་འབད་བརྩོན་ལ་བརྟེན་ནས་ལང་ཚོའི་གཟི་དཔལ་མངོན་པར་བྱས།
འབྲེལ་ཡོད་འོས་སྦྱོར།