༄༅།།མཚོ་ནུབ་ཁུལ་གྱིས་སོག་རིགས་བོད་རིགས་སློབ་འབྲིང་སློབ་མའི་མི་རིགས་སྐད་ཡིག་གི་ཡིག་གཟུགས་འགྲན་སྡུར་སྤེལ།
མཚོ་ནུབ་ཁུལ་གྱིས་སོག་རིགས་བོད་རིགས་སློབ་འབྲིང་སློབ་མའི་མི་རིགས་སྐད་ཡིག་གི་ཡིག་གཟུགས་འགྲན་སྡུར་སྤེལ།
སྤྱི་ཟླ9བའི་ཚེས24ཉིན། མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་།ཁུལ་སློབ་གསོ་ཅུའུ། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་ཅེས་པ་བརྗོད་དོན་ཡིན་པའི་མི་རིགས་སྐད་ཡིག་གི་ཡིག་གཟུགས་འགྲན་སྡུར་གཏེར་ལེན་ཁ་རུ་སྤེལ།
ཡིག་གཟུགས་འབྲི་བཞིན་པ།
འགྲན་སྡུར་སྟེང་སོག་བོད་སྐད་ཡིག་གི་ཡིག་གཟུགས་གཉིས་ཀྱི་ལམ་ནས་མི་རིགས་སྐད་ཡིག་གི་ཁྱད་ཆོས་ལྡན་པའི་ཡིག་གཟུགས་སྣ་ཚོགས་སྨྱུག་རྩལ་ལ་བསྟར་ཏེ་ཡིག་གཟུགས་སྒྱུ་རྩལ་གྱི་གཟི་ཉམས་མངོན།
ཡིག་གཟུགས།
མཚོ་ནུབ་ཁུལ་གྱིས་ཁུལ་ཡོངས་ཀྱི་སློབ་འབྲིང་སློབ་མའི་མི་རིགས་སྐད་ཡིག་གི་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་དོན་འཁྱོལ་ཡོང་བ་དང་། ཀྲུང་དབྱང་གི་ཐེངས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་ཡོང་བར་བྱས་ནས། ཕྱོགས་ཡོངས་ནས་མི་རིགས་སློབ་གསོ་དར་སྤེལ་གཏོང་བ་དང་།མེས་རྒྱལ་དང་མི་རིགས་ཀྱི་རྒྱུན་འཛིན་པ་དང་འཛུགས་སྐྲུན་པ་གསོ་སྐྱོང་བྱེད་ཆེད་ཡིན་ལ། ན་ཆུང་སློབ་མའི་དགའ་ཕྱོགས་སྐྱེད་སྲིང་དང་འཇོན་ཐང་མངོན་འགྱུར་ལ་གར་སྟེགས་བསྐྲུན་ཏེ། བདེ་ཐང་འཚར་ལོངས་དང་རིག་གནས་འཛིན་སྐྱོང་ལ་སྐུལ་འདེད་བྱེད་པ་ཡིན་ཞིང་། མི་རིགས་ཕན་ཚུན་དང་སློབ་གྲྭ་ཕན་ཚུན་བརྗེ་རེས་བྱས་ཏེ། མཉམ་དུ་ཀྲུང་ཧྭ་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་།འཆམ་མཐུན་དང་དཔལ་ཡོན་ལྡན་པའི་མཚོ་ནུབ་ཀྱི་མི་རིགས་སློབ་གསོ་དར་སྤེལ་ལ་སྐུལ་འདེད་བཏང་།
ཡུལ་དངོས་ཀྱི་ཟུར་ཞིགབྱ་དགའ་ཨང་དང་པོ་ཐོབ་མཁན།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་ལ་འགྲན་ཞུགས་སློབ་མ་སྡོམ་པས28ཡོད་ལ། སོ་སོར་མཚོ་ནུབ་ཁུལ་ཡོངས་ཀྱི་སོག་རིགས་དང་བོད་རིགས་སློབ་འབྲིང་གི་མཐོ་འབྲིང་དང་དམའ་འབྲིང་གི་སློབ་མ་ཡིན་པ་དང་། སློབ་གྲྭ་གཅིག་ནས་མཐོ་འབྲིང་གི་སློབ་མ་གཉིས་དང་དམའ་འབྲིང་གི་སློབ་མ་གཉིས་རེ་ཞུགས་ཡོད་ཅིང་།དེའི་ནང་བོད་རིགས་སློབ་མ12དང་།སོག་རིགས་སློབ་མ16འགྲན་སྡུར་ལ་ཞུགས་ཡོད། ཡིག་གཟུགས་ལ་སོག་པོའི་སྐད་ཡིག་གི་ཡིག་གཟུགས་དང་བོད་སྐད་ཡིག་གི་ཡིག་གཟུགས་བཅས་རིམ་པ་གཉིས་བཀར་ནས་དཔྱད་འདེམས་བྱས་ཤིང་། མཐར་སོག་སྐད་ཡིག་གི་ཡིག་གཟུགས་ཁྲོད་སློབ་གྲོགས་ལའོ་ཅིན་ལིན་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བོད་སྐད་ཡིག་གི་ཡིག་གཟུགས་འགྲན་སྡུར་ཁྲོད་སློབ་གྲོགས་དབང་ཆེན་རྡོ་རྗེ་ལ་བྱ་དགའ་ཨང་དང་པོ་ཐོབ།
བྱ་དགའ་ཨང་གཉིས་པ་ཐོབ་མཁན།
བྱ་དགའ་ཨང་གསུམ་པ་ཐོབ་མཁན།རྟིང་སྐུལ་བྱ་དགའ་ཐོབ་མཁན།