༄༅། །བྲག་དཀར་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གིས་སྐད་ཡིག་བློ་རྒྱུགས་ཆེན་མོ་སྐབས་དྲུག་པ་སྤེལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཞིན་ཧེ་རྪོང་མི་རིགས་སློབ་འབྲིང་དང་པོ།
དུས་ཚོད།:2021-11-01
ཀློག་གྲངས།:
རྩ་བ་མ་ཤེས་ཡན་ལག་གོ་དཀའ་བས། །བློ་རྒྱུགས་ཆེན་མོའི་བྱེད་སྒོ་ལེགས་པར་སྤེལ། །
བྲག་དཀར་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་དགའ་བསུ་ཞུ་བ་དང་སྦྲགས་རྣམ་པ་ཀུན་ཏུ་ཐོག་མའི་སློབ་གསོའི་སེམས་འདུན་མི་བརྗེད་པར།མི་གཞི་གསོ་སྐྱོང་གི་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་། མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་གོང་དུ་སྤེལ་བ། ཕྱོགས་ལྔ་མཉམ་སྐྱོང་། བཟང་ལྔ་ཀུན་ལྡན་དང་། བཞི་འཛོམས་བརྩོན་ལེན། བཞི་སྟོན་སྤྱོད་བཟང་གི་ཏང་འཛུགས་སྐྲུན་ལ་རེ་བ་ནན་མོ་འཛིན་པ། སྒོས་སུ་ངེད་སློབ་གྲྭའི་སློབ་མས་སུམ་དག་དང་སྙན་ངག་སོགས་ཀྱི་རྩ་བ་དང་རྒྱུན་ཤེས་བློར་ངེས་པ་དང་། བློར་འཛིན་གྱི་ནུས་པ་གོང་དུ་སྤེལ་བ། དུས་རྒྱུན་དུ་བློ་འཛིན་ལ་གོམས་པར་བྱེད་པའི་ཆེད་དུ། སྤྱི་ལོ་2021ལོའི་ཟླ་10བའི་ཚེས་26ཉིན་གྱི་ཕྱི་དྲོར་ལྔ་རིག་ཕུན་ཚོགས་གླིང་དུ་སྐད་ཡིག་གི་བློ་རྒྱུགས་ཆེན་མོ་སྐབས་དྲུག་པ་སྤེལ།
ཐེངས་འདིའི་བྱེད་སྒོ་ནི་ལོ་རིམ་བདུན་པའི་ཚན་སྐོར་ལ་སྤེལ་ཅིང་བདུན་གཉིས་འཛིན་གྲྭའི་སློབ་བུ་སྐར་མ་རྒྱལ་དང་བདུན་དྲུག་འཛིན་གྲྭའི་སློབ་བུ་སྐར་མཚོ་རྒྱལ་གཉིས་ཀྱིས་མདོ་འཛིན་བྱས།
དཔྱད་འདེམ་པ་ནི་རང་སློབ་གྲྭའི་དགེ་རྒན་རྟ་མགྲིན་ཚེ་རིང་དང་། རི་སྐྱིད་མཚོ། སྟག་མོ་ཐར། སྟོབས་ལྡན་ཚེ་རིང་། དབང་ཆེན་སྐྱབས་བཅས་ཡིན།
ཐེངས་འདིའི་བྱེད་སྒོ་རུ་ལོ་རིམ་བདུན་པའི་སློབ་མ་ཡོངས་ཞུགས་དགོས་ཤིང་། ཐོག་མར་འཛིན་གྲྭ་རེ་རེ་ནས་མཉམ་དུ་བློ་ལ་འཛིན་པ་དང་། དེ་ནས་འཛིན་གྲྭ་རེ་ནས་སློབ་བུ་ལྔ་རེ་འགྲན་ཞུགས་མི་སྣ་འདེམ་མཁན་གྱིས་ཡུལ་དངོས་ནས་འདེམ་པ་ལས་སྔོན་ནས་གཏན་ཁེལ་མེད་ཅིང་། འགྲན་ཞུགས་མི་སྣ་བདམས་རྗེས་དགེ་སློབ་འདུས་པ་ཆེན་པོའི་མདུན་གྱི་བློ་འཛིན་སྟེགས་བུ་ལས་མགོ་ནས་བློར་འཛིན་པ་དང་། མཚམས་མཚམས་སུ་དགེ་རྒན་བསོད་ནམས་བཀྲ་ཤིས་ཀྱིས་མཚམས་བཅད་ནས་བློར་འཛིན་དུ་འཇུག་པ་ཡིན། དཔྱད་འདེམ་པའི་སྐར་མ་སྟེར་སྟངས་ཀྱི་ཆ་ནས་དག་ཆ་ལྡན་མིན་སྐར་2དང་། བྱང་ཆ་ཆེ་མིན་སྐར་2དང་། སྤོབས་པ་ཡོད་མེད་སྐར་2དང་། སྐད་གདངས་མཐོ་མིན་སྐར་2དང་། མྱུར་བུལ་རན་མིན་སྐར་2བཅས་སྤྱི་བསྡོམས་པས་སྐར་མ་10དང་། འཛིན་གྲྭའི་མི་གཅིག་ཆད་ན་ཐུན་མོང་གི་ཐོབ་སྐར་ལས་སྐར་མ་0.2འཐེན་པ་དང་། བློ་འཛིན་ནང་དོན་ནི་སུམ་ཅུ་བའི་ཚིག་དོན་མདོར་བསྡུས་ཡིན།
དེ་ལྟར་ཐེངས་འདིའི་བློ་རྒྱུགས་ཆེན་མོ་ཕྱི་དྲོའི་ཐུན་གཉིས་རིང་ལ་སྤེལ་བ་བརྒྱུད་མི་སྒེར་བྱ་དགའ་འཐོབ་མཁན་མི་15ཡོད།
ཐུན་མོང་བྱ་དགའ་འཐོབ་མཁན་འཛིན་གྲྭ་བདུན་བཅས་ལ་དཔྱད་འདེམ་པ་དག་གིས་བྱ་དགའ་གནང་།
མཐར་དགེ་རྒན་སྟོབས་ལྡན་ཚེ་རིང་ནས་ཐེངས་འདིའི་བྱེད་སྒོ་ཐད་ཕྱོགས་གསུམ་ནས་སྤྱི་སྡོམ་བྱས་པ་སྟེ། གཅིག་ནས་འགྲན་ཞུགས་མི་སྣ་རྣམས་བློར་འཛིན་སྟེགས་བུ་བརྒྱུད་དེ་བློར་འཛིན་སྐབས། སྤོབས་པའི་གདེང་མཐོ་ཞིང་། འཛིན་ལ་ཐོགས་པ་མེད་པ།ཕྱི་ན་ལྷོད་ཆ་ལྡན་ཞིང་། ནང་ན་གྲིམས་ཆ་ཆེ་བ་ཞིག་ཡིན་སྟབས་དངོས་ནས་དགའ་འོས་པ་ཞིག་ཡིན་པ་དང་། སློབ་མ་ལ་ལ་ཞིག་གིས་བློར་འཛིན་མ་ཐུབ་པར་དམིགས་ནས་རྗེས་སོར་དེ་དག་གིས་བློར་འཛིན་དགོས་པའི་སྐུལ་ལྕག་གནང་། གཉིས་ནས་སྤྱིར་རྩ་བ་མ་ཤེས་པར་ཡན་ལག་གོ་དཀའ་བ་དང་། ཚིག་བློར་མ་བྱང་བར་དོན་སེམས་ནས་མི་འདུག་པས། རང་རེའི་སྐད་ཡིག་སློབ་ཚུལ་ལྟར་ན། ཐོག་མར་ཕྲལ་སྦྱར་གྱི་ཀློག་དང་། དེ་ནས་རྩ་བ་སོགས་གཙོ་གནད་དག་ཚེ་གང་བོར་མི་བརྗེད་པ་ཞིག་བློར་འཛིན་པ་དང་། དེ་དག་རྒྱུན་དུ་བཏོན་ནས་ཁ་བྱང་བློ་བྱང་དང་། དེའི་དོན་ལ་བསམས་ཏེ་ཚིག་གི་སྟེང་ནས་དོན་གྱི་གོ་བ་བླངས་ན་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་སོགས་ཁྲིད་ཚེ་ཧ་ཅང་རྟོགས་སླ་བ་ཡོད་པས་བློར་འཛིན་ལ་ཤུགས་སྣོན་དགོས་ཚུལ།གསུམ་ནས་སྐད་ཡིག་གི་རྨང་གཞི་ཆགས་ཐབས་སུ་འདི་དང་འདི་ལྟ་བུའི་བྱེད་སྒོ་སྤེལ་བར་སློབ་བུ་རྣམས་ཀྱིས་དང་དོད་བྱ་དགོས་ཚུལ་དང་སློབ་གྲྭའི་ངོས་ཐད་ནས་ཚེག་ཇེ་ཞིབ་དང་། གྲལ་ཇེ་དག རྒྱ་ཇེ་ཆེ་རུ་གཏོང་ཚུལ་མདོར་བསྡུས་ཀྱི་སྒོ་ནས་གསུངས་ཏེ་ཐེངས་འདིའི་བྱེད་སྒོ་མཇུག་བསྡུས་པའོ། །

འཛིན་གྲྭ་ཐུན་མོང་གིས་བློ་རྒྱུགས་འཕྲོད་བཞིན་པའི་རྣམ་པ།

འབྲེལ་ཡོད་འོས་སྦྱོར།