གྲངས་ཉུང་མི་རིགས་སྐད་ཡིག་སྲུང་སྐྱོབ་སྐོར་ལ་དྲིས་ལན་འདི་འདྲ་གནང་།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2022-08-23
ཀློག་གྲངས།:
“ཁོང་ཚོས་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་ནི་སྲུང་སྐྱོང་ཡག་ཤོས་དེ་རེད་སྙམ”ཞེས། སྤྱི་ཟླ8པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གྲུབ་འབྲས་དང་བྱེད་ཐབས་ཀྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཡུང་གིས་གསར་འགོད་པའི་དྲི་བར་ལན་གནང་སྐབས། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་རང་གི་སྐད་བརྡ་སློབ་སྦྱོང་བྱེད་པ་དང་རང་གི་སྐད་བརྡ་ཐོག་ནས་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་བར་འགོག་རྐྱེན་གང་ཡང་མེད་ལ། ནུབ་ཕྱོགས་སྨྱན་སྦྱོར་གྱིས་རྐང་བཙུགས་ནས་དྲེག་ནག་བཟོ་བའི་རིག་གནས་རྩ་མེད་དུ་གཏོང་བ་སོགས་ཀྱི་གནད་དོན་རྩ་བ་ནས་མེད་པ་རེད་ཅེས་གསུངས།
དོན་དངོས་སུ་ཀྲུང་གོའི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཀྱི་གཏན་འབེབས་གསལ་པོ་བྱས་ཡོད་དེ། རྒྱལ་ཁབ་ཀྱིས་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་བའི་ཁྲིམས་ལུགས་ཀྱི་གོ་གནས་ཁ་གསལ་དུ་བཏང་བར་མ་ཟད། གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་སློབ་སྦྱོང་དང་ཉེར་སྤྱོད་བྱེད་པའི་རང་དབང་ལ་འགན་སྲུང་བྱས་ཡོད། ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་བརྡ་ཁྱབ་གདལ་ཤུགས་ཆེར་གཏོང་བའི་དུས་མཚུངས་སུ། ཀྲུང་གོའི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་གིས་རང་མི་རིགས་ཀྱི་སྐད་བརྡ་སྤྱོད་པའི་རང་དབང་ལ་བརྩི་འཇོག་དང་འགན་སྲུང་གང་ལེགས་བྱས་པ་དང་། ཁོ་ཚོས་རང་མི་རིགས་ཀྱི་སྐད་བརྡར་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་ཆ་རྐྱེན་ཡོད་ཚད་བསྐྲུན་ཡོད།
སློབ་སྦྱོང་གི་ཐད་ནས་གླེང་ན། སློབ་གྲྭ་འབྲིང་ཆུང་ཚང་མས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་པ་དང་། དུས་མཚུངས་སུ་དོན་དངོས་ལ་གཞིགས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཚན་བཀོད་སྒྲིག་བྱས་པ། ལྷག་པར་དུ་མི་རིགས་རང་སྐྱོང་ས་གནས་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ལྟོས་བཅས་འདུས་སྡོད་ཁུལ་དུ་ཡོངས་ཁྱབ་ཏུ་དེ་འདྲ་ཡིན། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སྦྱང་འདོད་པའི་གྲངས་ཉུང་མི་རིགས་མང་ཚོགས་ཚང་མར་རང་གི་སྐད་བརྡ་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་གོ་སྐབས་ཡོད་པ་དང་། སློབ་གྲྭ་ནས་བྲལ་ཏེ་སྤྱི་ཚོགས་སུ་སྐྱོད་མཁན་དང་། ད་དུང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་མི་ཐུབ་པའི་མི་ཁ་ཤས། ཁོ་ཚོར་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་པའི་གོ་སྐབས་ཡོད་པ་དང་དུས་མཚུངས་སུ། གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་སློབ་སྦྱོང་བྱེད་པར་ཁག་ཐེག་བྱས་ཡོད།
གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བ། དེ་ལས་གསར་འགྱུར་དང་དཔེ་སྐྲུན་སོགས་ཀྱི་ཐད་ལའང་ཆ་རྐྱེན་བསྐྲུན་ཡོད། ཆབ་སྲིད་འཚོ་བའི་ཐད་ཚོགས་འདུ་གཉིས་ཀྱི་ཐོག་པར་འགྲེམས་བྱས་པའི་ཡིག་ཆའི་ནང་ཆེད་དུ་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་ཡོད་པ་དང་། ཁྲིམས་འཛིན་ལས་དོན་ཁྲོད་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་པར་ཆ་རྐྱེན་བསྐྲུན་ཡོད་པ་དཔེར་ན། ཞིན་ཅང་དང་བོད་ལྗོངས་ཚང་མར་གྲངས་ཉུང་མི་རིགས་སྐད་ཡིག་གི་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ཁང་བཙུགས་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་སྣ་ཚོགས་ཀྱི་དུས་དེབ་གཉེར་ཡོད་པས། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད། དྲ་ལམ་ཐོག་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ཀྱང་རང་མོས་ངང་གྲངས་ཉུང་མི་རིགས་ཀྱི་སྐད་བརྡའི་ཐོག་ནས་ཆ་འཕྲིན་བསྡུ་ལེན་དང་སློབ་སྦྱོང་འགྲོ་འོང་བྱེད་ཆོག
གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རིག་གནས་ལ་སྲུང་སྐྱོབ་ཇི་ལྟར་བྱ་རྒྱུའི་ཐད། ཀྲའོ་ཡུང་གིས་ཁོང་ཚོས་བེད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ནི་སྲུང་སྐྱོབ་ཡག་ཤོས་དེ་ཡིན་པའི་ངོས་འཛིན་གནང་བ་རེད། བེད་སྤྱོད་དང་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ། རང་རེའི་རྒྱལ་ཁབ་ཏུ་ཧུའེ་རིགས་དང་མན་ཇུ་རིགས་ཀྱིས་རྒྱ་སྐད་སྤྱོད་པར་ཕུད། གྲངས་ཉུང་མི་རིགས53ལ་རང་གི་སྐད་བརྡ་ཡོད་པ་དང་། གྲངས་ཉུང་མི་རིགས22ཀྱིས་ཡིག་རིགས28བེད་སྤྱོད་བྱེད་བཞིན་ཡོད། ཁོང་ཚོས་བེད་སྤྱོད་བྱེད་པར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་ཕུད། འབྲེལ་ཡོད་སྡེ་ཁག་གིས་ད་དུང་དེང་རབས་ཅན་གྱི་བྱེད་ཐབས་སྤྱད་ནས་སྲུང་སྐྱོང་བྱས་ཏེ། “ཀྲུང་གོའི་སྐད་བརྡའི་ཐོན་ཁུངས་ཀྱི་གཞི་གྲངས་ཀྱི་བང་མཛོད”ཆེད་དུ་ཇུས་འགོད་བྱས་པ་དང་། སྐད་ཡིག་དེ་དག་གི་ཡི་གེ་འཚོལ་སྡུད་དང་། ལེགས་སྒྲིག གསར་སྤེལ། བེད་སྤྱོད་བཅས་བྱས་པ་རེད།

འབྲེལ་ཡོད་འོས་སྦྱོར།