«གླེགས་བམ་ཇི་ལྟར་ཀློག་པའི་ཐབས་བསྟན་པ»ཞེས་པའི་དཔེ་དེབ་ཀྱི་ནང་དོན་མདོར་བསྟན།
རྩོམ་པ་པོ།:ཨོ་རྒྱན་སྒྲོལ་མ།
ཡོང་ཁུངས།:རྔ་བའི་གསར་འགྱུར་དྲ་བ།
དུས་ཚོད།:2023-09-14
ཀློག་གྲངས།:
དེ་ཡང་གླེགས་བམ་ཇི་ལྟར་ཀློག་པའི་ཐབས་ལམ་གྱི་རིམ་པ་ལ་རྩ་བའི་ཆ་ནས་རིམ་པ་བཞི་ཡོད་དེ། དེ་དག་ནི་རྨང་གཞི་དང་འབྲེལ་བའི་དཔེ་ཀློག་དང་། བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག དབྱེ་ཞིབ་དང་འབྲེལ་བའི་དཔེ་ཀློག བརྗོད་བྱ་གཙོ་བོ་དང་འབྲེལ་བའི་དཔེ་ཀློག་བཅས་སོ། །
རྨང་གཞི་དང་འབྲེལ་བའི་དཔེ་ཀློག
རྨང་གཞི་དང་འབྲེལ་བའི་དཔེ་ཀློག་གི་དམིགས་གཞིའམ་གནད་དོན་གཙོ་བོ་ནི་ཚིག་འདིས་ཅི་ཞིག་བཤད་བཞིན་ཡོད་ཅེས་པས་དྲི་བར་ལན་ལེགས་པར་འདེབས་ཐུབ་པའོ། །དེ་ཡང་གླེགས་བམ་ཀློག་བཞིན་པའི་ཀློག་པ་པོ་ཕལ་མོ་ཆེར་མཚོན་ན་རྨང་གཞི་དང་འབྲེལ་བའི་དཔེ་ཀློག་གི་གནད་དོན་འདི་སྔ་མོ་ནས་ཀྱང་བསལ་ཟིན་ཡོད་ངེས། འོན་ཀྱང་། ང་ཚོ་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་རྨང་གཞི་དང་འབྲེལ་བའི་དཔེ་ཀློག་གི་ཐབས་ལམ་ལ་ཇི་ལྟར་བྱང་ཆུབ་ཡོད་ན་ཡང་། ཕྱི་རྒྱལ་གྱི་དཔེ་དེབ་དང་རང་སྐད་ཡིག་གི་དཔེ་དེབ་གང་བཀླག་ཀྱང་དུས་མ་ཡིན་པར་རྨང་གཞི་དང་འབྲེལ་བའི་དཔེ་ཀློག་གི་གནད་འགག་བསལ་ཐུབ་མེད་པའི་སྣང་ཚུལ་དང་རྟག་པར་འཕྲད་སྲིད་པ་ཡིན། སྐབས་འདིར་ང་ཚོས་སྒྲུབ་དགོས་པའི་གོམ་པ་དང་པོ་ནི་གང་བཀླག་པར་བྱ་བའི་དཔེ་དེབ་ཀྱི་ཡི་གེ་དང་། མིང་། ཚིག་སོགས་ཀྱི་ཀློག་སྟངས་དང་ནང་དོན་ལེགས་པར་བྱང་ཆུབ་པར་བྱ་རྒྱུ་དེ་ཡིན། དེ་ཡང་ང་ཚོས་གང་བཀླག་པར་བྱ་བའི་དཔེ་དེབ་ཀྱི་ཡི་གེ་དང་མིང་ཚིག་སོགས་ཀྱི་ཀློག་སྟངས་དང་ནང་དོན་ལེགས་པར་རྟོགས་པའི་རྗེས་སུ། ང་ཚོས་གཞི་ནས་ཚིག་དང་ཐ་སྙད་དག་གི་བསྟན་དོན་ལ་རྒྱུས་ལོན་དང་། ཚིག་དང་ཐ་སྙད་དག་གིས་དོན་དམ་དུ་གང་ཞིག་བཤད་བཞིན་པ་སོགས་ལ་བསམ་གཞིག་བྱེད་པར་འབད་བརྩོན་བྱེད་ཆོག་པ་ཡིན།
དེ་ཡང་རང་ཉིད་ཀྱི་ཆེད་ལས་དང་འབྲེལ་བ་ཡོད་པའི་དཔེ་དེབ་ཅིག་ཀློག་པར། ཐོག་མར་བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ནང་ཚན་བམ་ཀློག་གི་ཐབས་ལ་བརྟེན་ནས་དཔེ་དེབ་ལས་བྱུང་བའི་ཡི་གེ་དང་མིང་ཚིག་ངོས་མི་ཟིན་པ་དག་ཁོལ་དུ་བྱུང་ནས། ཐོག་མར་དེ་དག་ལ་ཐོས་བསམ་ལེགས་པར་བྱས་རྗེས་སུ། གཞི་ནས་དབྱེ་ཞིབ་དང་འབྲེལ་བའི་དཔེ་ཀློག་གམ་ཞིབ་ཀློག་གི་ལས་ལ་ཞུགས་ན་ལེགས་པར་སྣང་།
བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག
དེ་ཡང་ཐོག་མར་གླེགས་བམ་ཇི་ལྟར་ཀློག་པའི་ཐབས་ལམ་དང་པོ་རྨང་གཞི་དང་འབྲེལ་བའི་དཔེ་ཀློག་གི་གནད་འགག་ལས་མ་གྲོལ་བར། བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག་ཏུ་འཇུག་ཐབས་མེད། སྤྱིར་གླེགས་བམ་གང་ཞིག་ཀློག་པ་ལ་ངོས་མི་ཟིན་པའི་ཡི་གེ་དང་དོན་མི་རྟོགས་པའི་མིང་ཚིག་དང་མི་འཕྲད་ཟེར་བ་མི་སྲིད་མོད། འོན་ཀྱང་། བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ཐབས་བརྟེན་པའི་སྐབས་སུ་ནམ་ཡང་ཚིག་མཛོད་སོགས་ཀློག་པའི་གོམས་གཤིས་རྩ་བ་ནས་དོར་བར་བྱ་དགོས།
ཐབས་ལམ་འདིའི་དམིགས་ཡུལ་གཉིས་ཏེ། གཅིག ཚད་ཡོད་ཀྱི་དུས་ཚོད་ཐུང་ཐུང་ནང་དཔེ་དེབ་གཅིག་ལ་རགས་རིམ་གྱིས་རྒྱུས་ལོན་བྱེད་པའི་ཆེད་དུ་ཡིན། གཉིས་ནི་དཔེ་དེབ་འདི་ཉིད་ཞིབ་ཀློག་བྱེད་པ་དང་། རང་གི་ཆེད་ལས་དང་འབྲེལ་བ་ཡོད་མེད་སོགས་ལ་རྒྱུས་ལེན་པའི་ཆེད་དུའོ། །
ཐབས་ལམ་འདི་བརྟེན་པའི་སྐབས་སུ་གནད་དོན་གཙོ་བོ་ནི། དཔེ་དེབ་འདིས་དོན་དམ་དུ་ཅི་ཞིག་གླེང་བཞིན་ཡོད་དམ། དཔེ་དེབ་འདིའི་སྒྲིག་གཞི་ཅི་འདྲ་ཡིན་ནམ། དཔེ་དེབ་འདི་རིག་ཚན་གང་ལ་གཏོགས་སམ་ཞེས་པའི་དྲི་བ་དག་ལ་ལན་ཡང་དག་འདེབས་པའི་ཆེད་ཙམ་ལས་མ་འདས་སོ། །
སྤྱིར་བཏང་བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ཐབས་བརྟེན་པའི་སྐབས་སུ། དེ་ལ་ནང་གསེས་སུ་ཐབས་ལམ་གཉིས་ཡོད་དེ། དང་པོ་ནི་བམ་ཀློག་དང་གཉིས་པ་ནི་ཀློག་འདོན་ཡིན། དེ་ལས་དང་པོའི་ཐབས་ལམ་ནི། ཐོག་མར་དཔེ་དེབ་ཀྱི་མཚན་བྱང་ལ་ལྟ་བ་དང་། དེ་ནས་རིམ་པ་བཞིན་དཀར་ཆག། དཔེ་སྐྲུན་ཁང་གི་གསལ་བཤད། རྩོམ་པ་པོའི་གླེང་གཞི། རྩོམ་གྱི་ཐོག་མའི་ཤོག་གྲངས་འགའ་ཞིག་དང་མཇུག་གི་ཤོག་གྲངས་འགའ་ཞིག་ཀློག་པས་འཐུས་སོ། །གཉིས་པ་ཀློག་འདོན་ནི་གླེགས་བམ་གྱི་མགོ་ནས་མཇུག་བར་དུ་ཀློག་འདོན་ཐེངས་གཅིག་བྱེད་པར་གོ་དགོས་ཤིང་། དེ་ལ་ཡང་སྤང་བྱ་འགའ་ཞིག་ཡོད་དེ། གོང་དུ་ཞུས་ཟིན་པ་ནང་བཞིན་ཐབས་ལམ་འདི་བརྟེན་པའི་སྐབས་སུ་ངོས་མི་ཟིན་པའི་ཡི་གེ་དང་དོན་མི་རྟོགས་པའི་མིང་ཚིག་སོགས་དང་འཕྲད་ན་དུས་རྟག་ཏུ་ཚིག་མཛོད་སོགས་ཀློག་པའི་ཐབས་སྤང་དགོས། ཀློག་པ་པོ་ཕལ་མོ་ཆེས་གླེགས་བམ་ཀློག་པའི་སྐབས་མྱུར་ཚད་ཤིན་ཏུ་དལ་བ་དང་གང་ཀློག་བཞིན་པའི་ཡིག་ཕྲེང་མིག་ལམ་ནས་བོར་བ་སོགས་ཀྱི་སྣང་ཚུལ་འདུག་པ་དག་ངེས་པར་དུ་དོར་ནས། ཅུང་ཙམ་མགྱོགས་མྱུར་གྱིས་ཀློག་དགོས་པ་ཡིན། འོན་ཀྱང་། འདིར་ངེས་དགོས་པ་ནི་མགྱོགས་མྱུར་གྱིས་ཀློག་དགོས་ཞེས་པ་ནི་གཙོ་བོ་བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ཐབས་བརྟེན་པའི་སྐབས་ལ་གོ་དགོས་པ་ལས། ཞིབ་འཇུག་དང་དབྱེ་ཞིབ་ཀྱི་ཐབས་བརྟེན་པའི་སྐབས་སུ་འདི་ཉིད་མི་འཚམ། གཞན་བྱེ་བྲག་ཏུ་གླེགས་བམ་གཅིག་པ་ཀློག་པའི་སྐབས་སུ་ཡང་དེ་ལ་ནང་གསེས་སུ་མགྱོགས་མྱུར་གྱིས་བཀླག་དགོས་པའི་སྐབས་དང་དལ་ལྷོད་ཀྱིས་བཀླག་དགོས་པའི་སྐབས་ཀྱང་ཡོད་ལ། དེ་བཞིན་གླེགས་བམ་རེ་འགའ་མགྱོགས་མྱུར་གྱིས་ཀློག་པ་དང་རེ་འགའ་ནི་དལ་ལྷོད་ཀྱིས་བཀླག་དགོས་པའི་སྐབས་ཀྱང་ཡོད་པ་ཡིན་ནོ།། འོན་ཀྱང་། བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ཐབས་བརྟེན་པའི་སྐབས་སུ་མགྱོགས་མྱུར་གྱིས་ཀློག་པའི་ཐབས་འདི་གལ་ཆེན་དུ་བསྟན་པས། ཀློག་པ་པོ་ཕལ་མོ་ཆེས་ཀྱང་དེ་ལྟར་བཀླགས་ན་གོ་བ་དང་རྒྱུས་ལོན་ཇི་ལྟར་བསྐྱེད་དམ་ཞེས་པའི་དྲི་བ་འདྲི་བར་ངེས། དེ་ཡང་བརྟག་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ཐབས་བརྟེན་པའི་སྐབས་སུ་གཙོ་བོ་གླེགས་བམ་གང་ཞིག་ཀློག་པ་པོ་རང་ཉིད་ཀྱིས་ཆེད་དུ་དོ་སྣང་བྱེད་བཞིན་པའི་དོགས་གཞི་དང་འབྲེལ་བ་ཡོད་མེད། ཞིབ་འཇུག་དང་དབྱེ་ཞིབ་བྱེད་པར་འཚམ་དང་མི་འཚམ་པར་ཉམས་ཞིབ་བྱེད་པའི་ཆེད་དུ་ཡིན་པས། འདིར་གང་བཀླག་པར་བྱ་བའི་གླེགས་བམ་ལས་གཙོ་བོ་གང་ཞིག་གསུང་བཞིན་པ་དང་། ཇི་ལྟར་གསུང་བའི་ཚུལ་ཙམ་རགས་རིམ་ཞིག་ཐུགས་ལ་ངེས་པས་ཆོག་པ་ཡིན། དེ་བས་སྐབས་འདིར་མགྱོགས་མྱུར་གྱིས་ཀློག་པ་གལ་ཆེ་ཚུལ་དུ་བཤད་པ་ཡང་བྲེལ་འཚུབ་ཀྱིས་བྱུང་རྒྱལ་དུ་ཀློག་པའི་དོན་ལ་མི་འཇུག
དབྱེ་ཞིབ་དང་འབྲེལ་བའི་དཔེ་ཀློག
དབྱེ་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ཐབས་བརྟེན་པའི་སྐབས་སུ་ཀློག་པ་པོས་དཔེ་དེབ་གཅིག་མགོ་ནས་མཇུག་བར་ཆ་ཚང་བར་བཀླག་དགོས་ཤིང་། དེ་ཡང་ཚད་མེད་པའི་དུས་ཚོད་ཀྱི་ནང་དུ་དཔེ་དེབ་གཅིག་མགོ་མཇུག་བར་གསུམ་ཆད་ལྷག་མེད་པར་བཀླག་དགོས་པ་ཡིན། འདིར་གཙོ་བོར་དབྱེ་ཞིབ་དང་འབྲེལ་བའི་དཔེ་ཀློག་ནི་དུས་རྟག་ཏུ་ཆེད་དམིགས་རང་བཞིན་དང་ཆེད་སྦྱོང་དང་འབྲེལ་བའི་དཔེ་དེབ་ཀློག་པར་གོ་དགོས། དེ་ལས་གཞན་འདིར་མཁྱེན་དགོས་པ་ཞིག་ནི་གལ་ཏེ་ཁྱེད་ཀྱིས་དཔེ་དེབ་གང་ཞིག་ཀློག་པ་ནི་དཔྱད་གཞི་འཚོལ་བ་དང་སྐྱོ་སངས་ཙམ་གྱི་ཆེད་དུ་ཡིན་ན། དབྱེ་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ཐབས་བརྟེན་དགོས་པ་མ་ཡིན་ཞིང་། དེ་ལས་བརྗོད་བྱ་གཙོ་བོ་དང་འབྲེལ་བའི་དཔེ་ཀློག་གམ་གཤིབ་བསྡུར་གྱི་དཔེ་ཀློག་གི་ཐབས་བརྟེན་དགོས་པའི་རྒྱུ་མཚན་མེད་དོ། །
དེ་ལ་འདིར་དབྱེ་ཞིབ་དང་འབྲེལ་བའི་དཔེ་ཀློག་གི་ཐབས་ལ་ཡང་ནང་གསེས་སུ་རིམ་པ་དུ་མར་འབྱེད་དུ་ཡོད་ལ། དེ་དག་ལས་དང་པོ་ནི། གླེགས་བམ་གང་ཞིག་གི་གླེང་བྱ་གང་ཞིག་ཡིན་པ་གཏན་འཁེལ་དགོས་ཤིང་། དེ་ལ་ཡང་ནང་གསེས་སུ་དང་པོ་གླེགས་བམ་གང་ཞིག་གི་མཚན་བྱང་དང་བརྗོད་བྱ་གཙོ་བོ་གཞིར་བཟུང་ནས་དེ་ཉིད་རིག་ཚན་གང་ལ་གཏོགས་པར་རིགས་དབྱེ་འབྱེད་དགོས་ཤིང་། དེ་ཡང་དཔེར་ན། ཚན་རིག་དང་། ལོ་རྒྱུས། རྩོམ་རིག ཆོས་ལུགས་སོགས་ལྟ་བུའོ། །གཉིས་པ་ཚིག་ཉུང་གནད་བསྡུས་ཀྱིས་གླེགས་བམ་གྱི་གླེང་བྱ་གཙོ་བོ་གང་ཡིན་པ་གསལ་བཤད་བྱ་དགོས། གསུམ་པ་གླེགས་བམ་གྱི་སྤྱིའི་གླེང་བྱའི་སྔ་ཕྱི་དང་འབྲེལ་བ་གཞིར་བཟུང་ནས་གང་དེའི་གལ་ཆེ་ཤོས་ཀྱི་ཆ་ཤས་དག་ལེགས་པར་འདོན་དགོས་ཤིང་། མ་ཟད་གལ་ཆེའི་ཆ་ཤས་དག་ལས་ཀྱང་ཉིང་དགོས་དག་ཀྱང་ལེགས་པར་འདོན་དགོས་པ་ཡིན། བཞི་བ་རྩོམ་པ་པོས་བརྗོད་བྱར་གྱུར་བའི་གནད་གཙོ་བོ་གང་ཡིན་པ་དང་། དེ་བཞིན་རྩོམ་པ་པོས་གང་ཞིག་ཐག་གཅོད་པར་འདོད་བཞིན་པའི་གནད་དག་ཀྱང་ལེགས་པར་འཚོལ་ཐུབ་དགོས་པ་བཅས་སོ། །
དེ་དག་ལས་དང་པོ། གླེགས་བམ་གང་ཞིག་གི་མཚན་བྱང་དང་བརྗོད་བྱ་གཙོ་བོ་གཞིར་བཟུང་ནས་དེ་ཉིད་རིགས་གང་ལ་གཏོགས་པར་རིགས་དབྱེ་བྱ་དགོས་ཤིང་། དེ་ཡང་གླེགས་བམ་ཞིག་ཀློག་འགོ་འཛིན་པའི་སྐབས་ནས་ཀྱང་གླེགས་བམ་དེ་ཉིད་རིག་ཚན་གང་ལ་གཏོགས་ཚུལ་གྱི་རིགས་དབྱེ་བྱེད་ཐུབ་ན་ཤིན་ཏུ་བཟང་། དེ་ཡང་འདིར་གླེགས་བམ་གྱི་མཚན་བྱང་ཙམ་ལས་གང་དེ་རིག་ཚན་གང་ལ་གཏོགས་པའི་རིགས་དབྱེ་འབྱེད་མ་ཐུབ་ཚེ། དཀར་ཆག་དང་གླེང་གཞི་དང་དཔེ་སྐྲུན་གསལ་བཤད་དག་ལས་འཚོལ་དགོས་པ་ཡིན། འདིར་གཙོ་བོ་གླེགས་བམ་གང་ཞིག་གསར་དུ་ཀློག་པའི་སྐབས་སུ། དེ་ཉིད་ཀྱི་མཚན་བྱང་ལ་ལེགས་པར་བརྟག་ནས་བརྗོད་བྱ་དང་རིག་ཚན་གང་ལ་གཏོགས་པའི་རིགས་དབྱེ་འབྱེད་ཚུལ་ནི་ཤིན་ཏུ་གལ་ཆེན་དུ་བསྟན་པའོ། །དཔེར་ན། «རོམ་རྒྱལ་རབས་ཆེན་པོའི་ཉམས་རྒུད་ཀྱི་ལོ་རྒྱུས»ཞེས་པར་མཚོན་ན། མཚན་བྱང་མཐོང་བ་ཙམ་གྱིས་གླེགས་བམ་དེར་རོམ་རྒྱལ་རབས་ཆེན་པོ་ཤིན་ཏུ་དར་རྒྱས་བྱུང་བའི་དུས་སྐབས་ནས་མཐའ་མ་རྩ་བ་ནས་ཉམས་རྒུད་དུ་ཕྱིན་པའི་བར་གྱི་ལོ་རྒྱུས་དང་རྒྱུད་རིམ་ཆ་ཚང་ཞིབ་ཏུ་བསྟན་ཡོད་པ་གཏན་ཁེལ་བྱེད་ཆོག་པ་ལྟ་བུའོ། །གཉིས་པ། ཚིག་ཉུང་གནད་བསྡུས་ཀྱིས་གླེགས་བམ་གྱི་གླེང་བྱ་གཙོ་བོ་གང་ཡིན་པ་གསལ་བཤད་བྱ་དགོས་ཤིང་། དེ་ཡང་གཙོ་བོ་ཀློག་པ་པོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཚིག་ཉུང་དོན་འདུས་ཀྱིས་གླེགས་བམ་གཅིག་གི་ནང་དོན་མདོར་བསྟན་པའི་དོན་དུ་གོ་ཞིང་། གླེགས་བམ་གང་ཞིག་ལ་མཚོན་ན་ཡང་དེ་ལ་བསྒྲུབ་བྱར་གྱུར་བའི་བརྗོད་བྱ་ཞིག་ཡོད་ཅིང་། གང་དེའི་ཚིག་དང་ཐ་སྙད་ཡོད་ཚད་ཀྱང་དོན་ལ་བརྗོད་བྱ་དེར་དམིགས་ནས་བྲིས་པ་ཙམ་ལས་མ་འདས། དེ་ཡང་ང་ཚོས་རྒྱུན་པར་མི་ཞིག་ལ་ཁྱོད་ཀྱིས་ཅི་ཞིག་སྒྲུབ་བཞིན་ཡོད་པ་དང་གང་ཞིག་བསྒྲུབ་འདོད་དམ་ཞེས་འདྲི་བར་ངེས་ཤིང་། དེ་བཞིན་ང་ཚོས་རྩོམ་པ་པོས་ཅི་ཞིག་སྒྲུབ་བཞིན་ཡོད་དམ་ཞེས་འདྲི་དགོས་ཤིང་། མ་ཟད་དེ་ལ་དྲིས་ལན་ཡང་དག་བཏབ་ནས་གླེགས་བམ་གྱིས་གང་ཞིག་གླེང་བཞིན་ཡོད་པ་རྟོགས་པའི་ཐབས་འཚོལ་དགོས་པ་ཡིན། དེ་ཡང་གླེགས་བམ་གྱི་སྤྱིའི་བརྗོད་བྱ་གཙོ་བོར་ངོས་འཛིན་རབ་རིབ་ཙམ་ཆགས་པས་དུས་གཏན་དུ་མི་ཆོག་པ་ཡིན། དེ་ཡང་ཀློག་པ་པོས་ངེས་པར་དུ་གནད་ལ་ཁེལ་བ་དང་གསལ་ཞིང་རིག་པའི་སྒོ་ནས་ཤེས་རྟོགས་བྱ་དགོས་པ་ཡིན། དེ་ཡང་གླེགས་བམ་ཞིག་བརྗོད་བྱ་གཙོ་བོའི་མཐུར་རྟོགས་པ་ལ་ཐབས་ལམ་ལེགས་ཤོས་ནི། ཀློག་པ་པོས་རང་ཉིད་དམ་མི་གཞན་ལ་གླེགས་བམ་གྱི་བརྗོད་བྱ་གཙོ་བོ་ནི་འདི་དང་འདི་ཞེས་འཆད་དགོས་ཤིང་། སྐབས་དེར་ཀློག་པ་པོའི་གཏམ་ཤིན་ཏུ་རིང་དྲགས་ན་གླེགས་བམ་གྱི་ནང་དོན་ལེགས་པར་མ་རྟོགས་པའི་རྟགས་ཡིན་ཞིང་། དེ་ནི་ཀློག་པ་པོས་གླེགས་བམ་གྱི་སྣ་མང་བྱེ་བྲག་གི་ཆར་གྱུར་བའི་ནང་དོན་རགས་པ་ཙམ་རྟོགས་ཡོད་པའི་མཚོན་བྱེད་ཡིན། དེ་བས་གླེགས་བམ་གང་ཞིག་ཀློག་པ་ལ་ཡང་ཚོར་བར་རྟོགས་ཡོད་པའི་སྣང་བ་འཆར་ཡང་ངག་སྒོ་ནས་ལེགས་པར་བརྗོད་མི་ནུས་པའི་མཚམས་ལས་འདས་དགོས་པ་ཡིན། གསུམ་པ་གླེགས་བམ་གྱི་སྤྱིའི་གླེང་བྱའི་སྔ་ཕྱི་དང་འབྲེལ་བ་གཞིར་བཟུང་ནས་གང་དེའི་གལ་ཆེ་ཤོས་ཀྱི་ཆ་ཤས་དག་ལེགས་པར་འདོན་དགོས་ཤིང་། མ་ཟད་གལ་ཆེའི་ཆ་ཤས་དག་ལས་ཀྱང་ཉིང་དགོས་དག་ལེགས་པར་འདོན་དགོས་པ་ཡིན། དེ་ཡང་གླེགས་བམ་གཅིག་ལས་གལ་ཆེ་ཤོས་ཀྱི་ལེའུ་དག་ཟུར་དུ་བཏོན་ནས། དེ་དག་སྔ་ཕྱིའི་གོ་རིམ་ལྟར་སྤྱིའི་སྒྲོམ་གཞི་ཞིག་ཏུ་ཇི་ལྟར་ཆགས་ཚུལ་ལ་གསལ་བཤད་བྱ་དགོས་པའོ། །གལ་ཏེ་སྤྱིའི་སྒྲོམ་གཞི་གཅིག་ཏུ་ཆགས་བྱེད་ཀྱི་ཆ་ཤས་བྱེ་བྲག་པའམ་ལེའུ་དག་ལ་སྔ་ཕྱི་དང་ཕན་ཚུན་བར་འབྲེལ་བ་ཞིག་མེད་ན། དེ་དག་ཕྱོགས་གཅིག་ཏུ་བསྡོམས་ནས་སྤྱིའི་སྒྲོམ་གཞི་ཞིག་ཏུ་ཆགས་ཐབས་མེད་དོ། །

འབྲེལ་ཡོད་འོས་སྦྱོར།