logo

སྲིད་པའི་ཞལ་རྒྱུན།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-11-13 ཀློག་གྲངས།:
ཕོ་ལ་ངར་རྒྱུ་མེད་ན། །
ཟས་ཀྱི་རྐྱལ་བ་རེད། །
གཏམ་འགྲེལ། སྐྱེས་པ་ཕོ་ལ་དར་ཤུགས་དགོས་པའི་དོན།

གྲལ་མགོར་བཞག་ན་འཇོན་ཐང་མེད། །
གྲལ་གཞུག་བཞག་ན་ནུས་པ་མེད། །
གཏམ་འགྲེལ། མི་ཞིག་ལས་རིགས་མཐོ་དམན་གང་དུ་བཞག་ཀྱང་ཕན་མི་ཐོགས་པའི་དོན།

རྒན་པས་གང་བྱེད་གཞོན་པས་བྱེད། །
གླ་བའི་ཕྲུ་གུ་བྲག་ལ་འཛེག །
གཏམ་འགྲེལ། རྒན་པའི་བྱེད་སྟངས་ལ་གཞོན་པས་མིག་དཔེ་ལྟ་བའི་དོན།

ཤ་ཁོག་གང་སོང་མེད་པར། །
ཏིག་གཞོག་ལ་རྩོད་པ། །
གཏམ་འགྲེལ། དོན་རྩ་མི་རྟོགས་པར་རྩོད་པ་རྒྱག་པའི་དོན།

བྱང་སེམས་ཀྱི་གཤོག་པ་བརྐྱངས། །
ཞེ་སྡང་གི་སྡེར་མོ་བསྐུམས། །
གཏམ་འགྲེལ། ཕན་སེམས་སྐྱེ་དགོས་པ་དང་གནོད་སེམས་སྤང་དགོས་པའི་དོན།

ལུས་ངག་ཡིད་གསུམ་ཡར་ཕུལ་ནས། །
ལྟོ་གོས་གཏམ་གསུམ་མར་ཞུས། །
གཏམ་འགྲེལ། བློ་གཏད་དང་རེ་བ་བཅོལ་ཡུལ་གྱི་དོན།

འདེགས་ཀ་མདའ་བཏང་བ་དང་། །
གཤོར་ཁ་སྟར་ཁ་འཕྲེད་གཅོད། །
གཏམ་འགྲེལ། དྲང་ཞིང་ཚད་མ་ཡིན་པའི་དོན།
འབྲེལ་ཡོད་འོས་སྦྱོར།