༄༅། །དཔེ་དེབ་འོས་སྦྱོར། འཆི་མེད།
རྩོམ་པ་པོ།:འཆི་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-08-27
ཀློག་གྲངས།:
འཛམ་གླིང་དཔེ་ཀློག་གི་ཉིན་མོར་གུས་མོ་ངས་རང་ཉིད་ཀྱིས་ལྟ་ཀློག་བྱས་མྱོང་བའི་དཔེ་ཆ་རྣམས་ལ་ཕྱིར་དྲན་རེ་བྱས་ན་ངའི་དྲན་འཛིན་གྱི་མེ་ལོང་ངོར་འཛམ་གླིང་གི་འོད་སྣང་དུ་བརྩི་བར་གྲགས་པའི་དཔེ་ཆ་རེ་འགའ་ཤར་ཡོང་ནའང་། དཔེ་ཆ་དེ་དག་ནི་མི་རིགས་གཞན་གྱི་རྩོམ་པ་པོས་བརྩམས་པའི་དཔེ་དེབ་དང་། དེ་ཡང་རྒྱ་འགྱུར་མའམ་རྒྱ་རྩོམ་ཁོ་ན་རེད།
དེ་བས་གུས་མོ་ངས་བསམ་བཞིན་དུ་དྲྭ་ངོས་སོགས་ལས་རྙེད་པའི་དཔེ་དེབ་དེ་དག་རེ་ཞིག་བསྐྱུར་ནས་བོད་རང་གི་སྔོན་བྱོན་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ལས་རང་ཉིད་ཀྱིས་བཀླགས་མྱོང་བའི་དཔེ་ཆ་རྣམས་རེ་རེ་ནས་མཛུབ་མོ་བཀུག་སྟེ་བགྲངས་པ་ན་ང་ལ་རང་ཚོད་ཀྱི་བག་ཆགས་ཟབ་པའི་དཔེ་དེབ་འགའ་རེ་ཡོད་པའི་ཁྲོད་ནས་དེ་རིང་གླེང་བར་འདོད་པ་ནི་རྒྱལ་དབང་ལྔ་བའི་རང་རྣམ«དུ་ཀཱུ་ལའི་གོས་བཟང»རེད།
ང་ལ་མཚོན་ན་དུ«དུ་ཀཱུ་ལའི་གོས་བཟང»ཐོག་མར་རྣ་ཐོས་བྱུང་བའི་དུས་ནཱི་གྱ་གསུམ་ལོ་རེད། དེ་དུས༧སྐྱབས་རྗེ་ཤར་གདོང་རིན་པོ་ཆེ་ཚང་གིས་སློབ་ཁྲིད་ཀྱི་སྐབས་ཤིག་ལ«དུ་ཀཱུ་ལའི་གོས་བཟང»ལས་ལུང་ཞིག་དྲངས།
ཕྱིས་ང་རང་ཉིད་ཁོང་གི་སྐུ་མདུན་ལ་ཇ་བསྐོལ་དུ་སོང་ནས་སྡོད་དུས་ངས«དུ་ཀཱུ་ལའི་གོས་བཟང»ཟེར་བ་ཅི་རེད་དྲིས་པས་ཁོང་བཞད་མོ་བཞད་ཞོར་འཁྲིས་ཀྱི་མི་ཞིག་ལ་གཟིགས་ཏེ“འདི་སྙིང་མ་རྗེ”གསུངས་པ་ལས་ང་ལ«དུ་ཀཱུ་ལའི་གོས་བཟང»ཅི་ཡིན་གྱི་རྒྱུ་མཚན་མ་གསུངས།
དེའི་རྗེས་ནས་ང་རང་ཉིད་དཔེ་ཀློག་ལ་ཅུང་ཟད་འདྲིས་པའི་སྐབས་ཤིག་ལ་ངས«དུ་ཀཱུ་ལའི་གོས་བཟང»གི་དཔེ་ཆ་ཞིག་ཉོས་ཤིང་དུས་ཡུན་གང་འཚམ་ཞིག་ལ་ཨུ་ཚུགས་ཆེན་པོས་ཚར་གཅིག་བཀླགས་ཁུལ་བྱས་ནའང་ནང་དོན་ཅི་ཡང་གོ་མ་ཐུབ།
ཉེ་བའི་ལོ་འདི་འགར་འཕྱི་བ་བཞིན་ནང་ལ་འཛུལ་ནས་བསྡད་ཡོད་པའི་གོ་སྐབས་དང་བསྟུན་ནས་ངས་བསྐྱར་དུ«དུ་ཀཱུ་ལའི་གོས་བཟང»ཚར་གཅིག་བཀླགས་པ་ཡིན།
«དུ་ཀཱུ་ལའི་གོས་བཟང»ལ་བསྡོམས་པའི་སྟོད་ཆ། བར་ཆ། སྨད་ཆ་བཅས་དེབ་གསུམ་ཡོད་པ་དང་དེབ་གསུམ་པོའི་བརྗོད་བྱ་གཙོ་བོ་ནི། པཎ་ཆེན་རིན་པོ་ཆེ་སོག་ཡུལ་དུ་ཕེབས་སྐོར་དང་། སོག་དམག་གིས་བེ་རི་རྒྱལ་པོ་བཅོམ་ནས་མདོ་སྨད་ཁུལ་བཟུང་བ། དབུས་གཙང་ཆུ་རྟའི་བདེ་གཟར། གོང་མ་དང་མཇལ་འཛོམས་བྱུང་སྐོར། བལ་བོ་དང་བོད་ཀྱི་བདེ་གཟར། སྡེ་སྲིད་ཐོག་མ་བསོད་ནམས་ཆོས་འཕེལ་གྱི་སྐོར། ལྷ་སའི་ཇོ་བོར་དབུ་རྒྱན་གསར་བཟོ་མཛད་ཚུལ་དང་ཁྲ་འབྲུག་དང་ཡུམ་བུ་བླ་སྒང་། ལྷ་ལྡན་གཙུག་ལག་ཁང་། པོ་ཏ་ལ། ཆོས་འཁོར་རྒྱལ་སོགས་བཞེངས་བསྐྲུན་གནང་སྐོར། དགོན་པ་གསར་དུ་བཏབ་ཚུལ་དང་བྱས་པ་ཅན་ལ་བདག་རྐྱེན་བསྩལ་པའི་སྐོར། གཞན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲི་ལ་བཀོད་པའི་སྐོར་སོགས་བརྗོད་བྱའི་ངོས་ནས་ཧ་ཅང་རྒྱ་ཆེ་བ་དང་བོད་ཧྲིལ་བོའི་དམིགས་བསལ་ལོ་རྒྱུས་གལ་ཆེན་ཞིག་ཏུ་བགྲང་འོས་སྙམ།
«དུ་ཀཱུ་ལའི་གོས་བཟང»གི་ཁྱད་ཆོས་གཙོ་བོ་གཅིག་ནི་རྩོམ་སྟངས་ཀྱི་ཆ་ན་ཡོད་པར་བསམས་ཏེ། རྩོམ་སྟངས་ཀྱི་ཆ་ནས་དངོས་ཡོད་དང་བདེན་པ་གཙིགས་སུ་བཟུང་ཡོད་པ་དེ་ཁྱད་ཆོས་གཙོ་བོ་ཞིག་ཏུ་འཁུམས། དངོས་ཡོད་དང་བདེན་པ་ཇི་ལྟར་གཙིགས་སུ་བཟུང་འདུག་སྙམ་ན། ཁོང་གིས་རང་ཉིད་ལ་རང་བསྟོད་དང་ཆེ་བརྗོད་ཅུང་ཟད་ཀྱང་མཛད་མེད་པ་དེའི་སྟེང་ནས་ཤེས་ཐུབ་སྙམ། དཔེར་ན། «དུ་ཀཱུ་ལའི་གོས་བཟང»དུ“རྒྱ་གར་དང་མི་འདྲ་བའི་བོད་ཡུལ་འདིར་བླ་མ་ལ་གདུང་རྒྱུད་དང་སྐྱེ་བས་འཛིན་པ་གཉིས་སུ་འདུག་པའི་སྔ་མ་ནི། ལུགས་གཉིས་ཀའི་ཡོན་ཏན་རྣམས་ཕ་ཤུལ་བུ་འཇགས་ལྟ་བུའི་བར་གསེང་མེད་ཅིང་བུ་སློབ་འཁོར་འབངས་རྣམས་ཀྱང་བག་ཕེབས་པར་སྣང་ལ། ཕྱི་མ་ནི་གོང་མ་ལས་གོ་ལྡོག་ཅིང་ཤི་གསོན་གྱི་དཀོར་ནག་སོགས་ཟང་ཟིང་གི་འབུལ་བ་མ་ཎི་བའི་རྟེན་སྒམ་ལྟར་ལེན་རྒྱུ་རྣམས་རྒྱུན་ཆད་པའི་དབང་གིས་རྗེས་འཇུག་ཚོ་བླ་མ་གྲོངས་པ་ལས་སྐྱེ་བ་མ་བྱུང་བར་སེམས་ལས་ཆེ་ཞིང་། དེ་གའི་རྦ་ཚད་ཀྱིས་ཡུལ་གྲུ་ག་གེ་མོ་ན་བྱིས་པ་ཕ་མ་སོགས་ཀྱིས་གཡོ་སྒྱུས་བཟོས་པ་འདྲ་ལ་ཚམ་ཚོམ་མེད་པར་བདག་ཏུ་བཟུང་བའི་བཞུགས་གྲལ་ལ་ཆུང་ངེས་ཀྱི་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་ལྟར་སྐྱེ་བོ་དུ་མའི་རི་བོང་ཅལ་འདྲོགས་ལ་བརྟེན་ཝ་སྐྱེས་སེང་གེར་བརྫུ་བའི་སྣང་ཚུལ་ཁོ་ན་སྟེ།” ཞེས་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་ཅི་འདྲ་ཡིན་པ་གསལ་བོར་གསུངས་ཡོད་པ་ལྟ་བུའོ། །
གཞན། «དུ་ཀཱུ་ལའི་གོས་བཟང»གི་བརྗོད་བྱ་མི་ཉུང་བ་ཞིག་ཆོས་ལུགས་ཀྱི་སྐོར་ཡིན་པས་གུས་མོ་ངས་གོ་མི་ཐུབ་ནའང་སྔར་དང་མི་འདྲ་བ་ཞིག་ནི«དུ་ཀཱུ་ལའི་གོས་བཟང»ཀློག་གིན་ཀློག་གིན། ཚིག་གི་སྡེབ་སྦྱོར་དང་ཐ་སྙད་བཀོལ་ཚུལ་དམིགས་བསལ་བ་རྣམས་ལ་སྲེད་པའི་ཁ་ཕྲུ་ཡང་ཡང་འཐོར་ཡོང་།
དེའི་ཕྱིར་ད་རེས་བདག་གིས«དུ་ཀཱུ་ལའི་གོས་བཟང»བཀླགས་པའི་ཐོ་བྱང་ཞིག་ཡོད་པ་ལས་ཐ་སྙད་འགའ་འདིར་ཁོལ་དུ་ཕྱུངས་ན། «དུ་ཀཱུ་ལའི་གོས་བཟང»སྟོད་ཆ་ལས། “སྟེར་ཆ་བཟབས། ཞམ་རིང་། ཁོབ་ཤག ནས་ཕད་ཚྭ་རྡིག ལྡེམ་མཇལ། སྦུ་ལ་ག ཇེ་ལོད། འདྲེ་ཞུད། ཆུ་བབས་སུ་བཞག་པ། ཆེད་བསྟད། སྙིང་རྗེའི་མདུང་སྐོར། སྤྲང་ཞེན་མེད། ཚག་ཁྲད། ཁ་གཟན་དྲགས་པ། མར་མཁར། འོར་དུས། ཆུ་འོག་བྱང་ར་སྒྲེང་། འཁྲ་བཟུང་བ། དཀར་ཕིབས་ཆེན་མོ། ཞབས་མཐུད། གྲོང་ཁྱེར་སྐམ་ཙུག་གེ་བ། གསོལ་ཇ་སྦྱོར་འབྲེལ། སོས་ཁྱག ལྗངས་དཔོན་པོ། སྐུ་གཞོགས།” སོགས་དང་། བར་ཆ་ལས། “ཟོམ་དྲགས་པ། གསེར་འདམ་ཞོ། དངུལ་ཆུ་ཞོ། གྲ་ཇ་འཕར་མ། ལྡིར་མོར་གླེང་། བེན་ཆུང་། ཁ་མ་འཁྱིལ་བ། སྦས་བཤུབས། ཆབ་གཞིའི་བསྟུན་བབས། ཞེ་མེད། རྦད་མགོ །སེར་སྲིད། འཕྲེན་ཆ།(འཁྲེན་ཆ།) བུར་ལྟང་། འབྲས་གཤོངས། ངོ་ཞུམ་བག་མ་འདྲ་བ།” སོགས་དང་། སྨད་ཆ་ལས། “གསེར་མདོང་། གསས་ཁང་། སྟབས་སྐྱུར། རིང་འཚོ། ཡིག་སྣ། བཀོད་ཤོམས། ཁ་བསྟད། སེར་ཆོལ། སྐྱེས་འགྱེར། ཚྭ་ཁལ། ཐུག་ཁལ། གཏོང་དེབ། དྲི་ཆགས་གོས་བུབས། ཇོ་རགས།”བཅས་པ་ལྟ་བུའོ། །
ཐ་སྙད་འདི་དག་ནི་གུས་མོ་ངས་རང་ཉིད་ཀྱི་རྩོམ་ཡིག་ནང་བཀོལ་བར་འབད་ནའང་ལྕགས་ལ་གསེར་གྱིས་ཚ་ལ་བྱས་པ་བཞིན་རན་པོ་དང་འཚམ་པོ་མ་བྱུང་བས་ང་རང་ཉིད་ཀྱི་བོད་ཡིག་གི་རྨང་གཞི་ལ་སོམ་ཉི་སྐྱེས་ཤིང་། རང་ཉིད་ཀྱིས་མི་ལོ་སུམ་ཅུ་ལ་བོད་ཡིག་གི་དགེ་རྒན་བྱས་པར་ཡང་ངོ་གནོང་དང་འགྱོད་སྣང་ཅིག་ཅར་སྐྱེས་བྱུང་།
དེའི་སྟབས་ཀྱིས་ངས་གོ་སྐབས་འདི་བརྒྱུད་ནས། བོད་མི་ཞིག་ཡིན་ཕྱིན་དང་བོད་མོ་ཞིག་ཡིན་ཕྱིན་བོད་ཡིག་གི་རྨང་གཞི་བརྟན་པོ་ཞིག་མ་ཚུགས་ན་རྩོམ་པ་པོ་ཟེར་བ་ལྟ་ཅི། ཀློག་པ་པོ་ཐེབས་ཆག་ཅིག་ཀྱང་ཡོང་མི་སྲིད་པ་ཁོ་ཐག་རེད་སྙམ་པས་ང་དང་ང་འདྲ་བའི་བོད་ཡིག་གི་རྨང་ཞན་པའི་ཀློག་པ་པོ་རྣམས་ཀྱིས་བོད་ཀྱི་དཔེ་དེབ«དུ་ཀཱུ་ལའི་གོས་བཟང»ལྟ་བུ་བརྗོད་བྱ་རྗོད་བྱེད་གཉིས་ཐད་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་འདི་དང་འདི་ལྟ་བུ་བཀླགས་ཏེ་བོད་ཡིག་གི་རྨང་གཞི་སྲ་བརྟན་དུ་གཏང་རྒྱུ་ནི། གཞན་རྩོམ་ཁྲི་འབུམ་བཀླགས་པ་ལས་ཀྱང་ཆེས་གལ་ཆེ་བར་མངོན་ནོ་ཞེས་ཞུ་འདོད་བྱུང་།

འབྲེལ་ཡོད་འོས་སྦྱོར།