logo

རྒྱལ་ཁབ་བཅུ་བཞིའི་གསར་འགོད་པ་མཚོ་སྔོན་དུ་བསྐྱོད་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-06-14 ཀློག་གྲངས།:
       “གནས་འདིའི་བཟོ་བཀོད་ཧ་ཅང་མཛེས་ལ། གནམ་གཤིས་ཚ་གྲང་སྙོམ་པོ་འདུག”ཅེས་ཚེས12ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྐུ་འབུམ་བྱམས་པ་གླིང་ལ་ལྟ་སྐོར་བྱས་རྗེས། དེ་རིང་གི་ཀེ་ལིན་ན་ཏ་ཞེས་པའི་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་གཞོན་པ་སུའུ་ལིན·མ་ལེ་ཡ·ལའོ་ཁྲུའོ་ཐུང་གིས་གསར་འགོད་པར་དེ་ལྟར་བཤད།
       ཟླ6ཚེས11ནས་ཚེས16ཉིན་བར། ཨ་ཤེ་ཡ་ལྷོ་མ་དང་། ཅ་ལེ་པི། དེ་བཞིན་ཨ་མེ་རི་ཁ་གླིང་དབུས་མ་དང་ལྷོ་མ་བཅས་ས་ཁུལ་གྱི་རྒྱལ་ཁབ་བཅུ་བཞི་ནས་ཡོང་བའི་ཕྱི་རྒྱལ་གྱི་གསར་འགོད་པ་བཅུ་དྲུག་མཚོ་སྔོན་དུ་བསྐྱོད་དེ། འབྱུང་ཁམས་སྲུང་སྐྱོང་དང་། ནུས་རྒྱུ་གཙང་མ། སྣ་མང་རིག་གནས། དེ་བཞིན་དམངས་འཚོ་ལེགས་གཏོང་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་ནས། པར་རིས་ཀྱི་ཐོག་ནས་འཛམ་གླིང་ལ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་མཚོ་སྔོན་དུ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་པ་རེད།
       བཅར་འདྲི་བྱེད་སྒོའི་དམིགས་ཡུལ་ནི་ཕྱི་རྒྱལ་སྨྱན་སྦྱོར་གྱི་ལྟ་ཕྱོགས་ལ་བརྟེན་ཏེ། ཁྱོན་ཡོངས་ནས་མཚོ་སྔོན་གྱི་རྒྱལ་སྤྱིའི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི“ས་ཁུལ་བཞིའི”འཛུགས་སྐྲུན་གྲུབ་འབྲས་ཟིན་ཐོར་འགོད་པ་དང་འགྲེམས་སྟོན་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རྒྱལ་སྤྱིའི་བརྒྱུད་བསྒྲགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།
       དུས་ཡུན་གཟའ་འཁོར་གཅིག་གི་འགྲུལ་བཞུད་རིང་། ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་མཚོ་སྔོན་སློབ་ཆེན་དང་། ས་ལར་ཕ་ཡུལ་གྱི་དམངས་སྲོལ་རིག་གནས་གླིང་། མཚོ་སྔོན་པོའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ། ཚལ་རྔ་འགག་གི་ཆུ་འོད་གསབ་རེས་གློག་ཁང་སོགས་སུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་རྒྱུ་ཡིན་པ་དང་འབྲེལ་སྐབས་གསུམ་པའི་ཀྲུང་གོའིམཚོ་སྔོནརྒྱལ་སྤྱིའི་འབྱུང་ཁམས་དངོས་མང་སྟོན་ཚོགས་དང“གཙང་པོའི་ཆུ་འགོ་དང་ཞི་མཐུན་མཉམ་གནས”ཞེས་པའི་སྤྱི་ལོ2023ལོའི་འབྱུང་ཁམས་ཤེས་དཔལ་གྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གླེང་སྟེགས་ནང་ཞུགས་རྒྱུ་ཡིན་པ་རེད།
       སུའུ་ལིན·མཱ་ལི་ཡ·ལའོ་ཁྲུའུ་ཐུང2016ལོར་ཀྲུང་གོར་སླེབས་མྱོང་། ཁོང་གིས། ངའི་སྤོ་བོ་ལགས་ནི་ཀོང་ཏུང་བ་ཡིན་པས། ང་རང་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲིར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་དང་འབྲེལ་འཆར་ཉེར་ཡོད་པའི་གླེང་སྟེགས་སྟེང་གཏམ་བཤད་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
       ད་ཐེངས་ཀྱི་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ཕྱི་འབྲེལ་པུའི་གསར་འགྱུར་སི་དང་ཀྲུང་གོ་རྒྱལ་སྤྱིའི་གསར་འགྱུར་སྤེལ་རེས་ལྟེ་གནས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།